བོད་ཀྱིས་ན་ནིང་མ་དངུལ་སྒོར་དུང་ཕྱུར་187བཏང་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་པ།
གསར་འགོད་པས་བོད་རང་སྐྱོང་ལྗོངས་ནས་ཤེས་རྟོགས་བྱས་པར། བོད་ཀྱིས་2025ལོར་མ་དངུལ་སྒོར་དུང་ཕྱུར་187བཏང་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཡོད། གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོར་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5.1གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་པ་ཁྲི་66ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་75.4བྱུང་སྟེ་བོད་དུ་དམངས་ཡོངས་ལ་ཁྱབ་པའི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཅིག་སྤྱིར་ན་གྲུབ་ཡོད།
མིག་སྔར། བོད་ཀྱི་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཟིན་ཡོད། ན་ནིང་བོད་ཀྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་རྣམ་གྲངས་22དང་གསོ་རླུང་མཁོ་འདོན་རྣམ་གྲངས་13ལག་ལེན་བསྟར་བ་དང་། བདེ་སྡོད་རང་བཞིན་གྱི་འགན་སྲུང་ལས་གྲྭ་ཆ་ཚང་ཁྲི་1.79འཛུགས་སྐྲུན་བྱས་པ། ཁུལ་ཆུང་རྙིང་པ་70སྒྱུར་བཀོད་བྱས་པ། དུད་ཚང་6101ལ་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་དང་ཡོམ་འགོག་བརྟན་གཏོང་བྱས་པ། ས་མཐོའི་མཛེས་མཐུན་གྲོང་གསེབ་180གསར་སྐྲུན་བྱས་པ། དབུལ་ལོག་དང་དབུལ་པོར་འགྱུར་བར་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་ཏན་ཏིག་བྱས་ནས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་ཁེ་གཙང་12.1%འཕར་བ་བཅས་རེད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་ཐེངས་5མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་སློབ་གསོའི་འགན་ལེན་གསུམ་གྱི་ཚད་གཞི་ཐེངས་4མཐོ་རུ་བཏང་ཡོད། གྲུམ་བུ་ཚིགས་ཆེན་གྱི་ནད་དཔེ་གསར་པ་ཐོན་མེད་པ་དང་ཐུམ་འབུའི་ནད་སྐབས་བསྟུན་གཙང་བཤེར་བྱུང་བ་མ་ཟད། ས་བབ་སྨི་5000ཡན་ཟིན་པའི་ཤང་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་ཚང་མར་དྲོད་རླངས་མཁོ་འདོན་ཐུབ་ཡོད། དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་ལེན་བསྟར་བ་བརྒྱུད། དམངས་འཚོའི་ཐད་རིམ་རྩིས་བརྒྱབ་ན་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་46503དང་སྒོར་16935ནས་སྒོར་58794དང་སྒོར་23184བར་སོ་སོར་འཕར་ཡོད།
2026ལོར་བོད་ཀྱིས་མུ་མཐུད་མ་དངུལ་སྒོར་དུང་ཕྱུར་136བཏང་ནས་དམངས་འཚོའི་བྱ་བ་དངོས་34ཡག་པོ་བསྒྲུབས་ཏེ་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཚད་95%ཡན་བརྟན་པོ་ཡོང་བ་བྱས་ནས“རྒན་གཅིག་གཞོན་གཅིག”དང་། དེ་བཞིན་དབང་པོ་སྐྱོན་ཅན་གྱི་ཞབས་ཞུའི་འགན་ལེན་ལ་མུ་མཐུད་ཤུགས་བརྒྱབ་སྟེ་ཡུན་རིང་གི་ནད་གཡོག་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།