དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞུང་ཨན་ཁུལ་གསར་གྱིས“ཅི་ཧྲུའུ”གྲངས་གཞིའི་དཔེ་དབྱིབས་ཆེན་པོ་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-04

    ཟླ་1ཚེས་31ཉིན། 2026ལོའི་ཞུང་ཨན་ཁུལ་གསར་གྱི“མི་ཐབས་རིག་ནུས+”ཀྱི་གསར་གཏོད་སྐྱེ་ཁམས་རིམ་སྤེལ་བྱེད་སྒོ་ཧོ་པེ་ཞུང་ཨན་ཁུལ་གསར་དུ་འགོ་ཚུགས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ། ཆིང་ཧྭ་སློབ་ཆེན་དང་ཝུན་གྲུན་རིག་ནུས(ཞུང་ཨན)ཚན་རྩལ་ཚད་ཡོད་ཀུང་སིས་མཉམ་དུ་ཞིབ་འཇུག་གསར་སྤེལ་བྱས་པའི“ཅི་ཧྲུའུ”གྲངས་གཞིའི་དཔེ་དབྱིབས་ཆེན་པོ(LimiX)ཡི་གྲུབ་འབྲས་གསར་ཤོས་དང་འཐབ་ཇུས་འཆར་འགོད་ཁྱབ་བསྒྲགས་བྱས་པ་རེད། སྒྲིག་གཞི་ཅན་གྱི་གྲངས་གཞི་ཐག་གཅོད་བྱེད་པའི་རྒྱུན་སྤྱོད་དཔེ་དབྱིབས་ཆེན་པོ་ཡིན་པའི་ངོས་ནས། “ཅི་ཧྲུའུ”དེ་ཉིད་ཀྱི་ནུས་པ་རྒྱལ་སྤྱིའི་རྩིས་གཞིའི་ཚོད་ལྟ་ཁག་མང་པོའི་ནང་མདུན་གྲལ་དུ་སླེབས་ཀྱི་ཡོད། དཔེ་དབྱིབས་དེས་རྒྱུ་འབྲས་རྗེས་དཔག་དང་འདྲེས་གྲུབ་གྲངས་གཞི་སོགས་རྩེར་སོན་ལག་རྩལ་མཉམ་འདྲེས་བྱས་པས། སྤྱི་སྤྱོད་རང་བཞིན་དང་། འགྲེལ་བཤད་ཐུབ་པ། འཕྲལ་དུ་སྤྱོད་པ་སོགས་ཀྱི་ལེགས་ཆ་ལྡན་པ་དང་། བཟོ་ལས་བཟོ་སྐྲུན་དང་། ནུས་རྒྱུ། འགྲིམ་འགྲུལ་སོགས་བཟོ་ལས་ཆེན་པོའི་ཁྱབ་ཁོངས་ཀྱི་རིག་ནུས་ཅན་གྱི་ཕྱོགས་སྒྱུར་ཆེད་ཕྱོད་ཆེའི་ཐག་གཅོད་ཇུས་གཞི་མཁོ་འདོན་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

    གཞན་ཡང་། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ཞུང་ཨན་ཁུལ་གསར་གྱིས་མི་ཐབས་རིག་ནུས་ཀྱི་དངོས་སྦྱོང་སྐྱེ་ཁམས་ཁྱབ་བསྒྲགས་བྱས་ཤིང་། སྐྱེ་ཁམས་ཀྱིས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་བབ་ནང་ཤེས་ལྡན་པའི་དགོས་མཁོ་ག་ཕྱི་ལོག་པའི་གནད་དོན་ལ་ཐད་ཀར་དམིགས་ཏེ། “ལས་གནས་ཕྱོགས་སྟོན་དང་། དཔེ་དུམ་སློབ་ཚན། རང་གཤིས་འགྲོ་ལམ། སྒུལ་ཤུགས་གཉིས་ལྡན་གྱི་ལས་སྟེགས”བཅས་ཕྱོགས་བཞི་གཞི་གཅིག་གི་ཤེས་ལྡན་པ་གསོ་སྐྱོང་དང་སྐྱེལ་འདྲེན་གྱི་མ་ལག་བཏོད་ཡོད་པ་རེད།

    ཞུང་ཨན་ཁུལ་གསར་གྱིས“གྲངས་གཞིའི་དཔེ་དབྱིབས་ཆེན་པོ་དང་ཐོན་ལས་ཚོ་འདུས་ཟུང་དུ་འབྲེལ་བའི”མཉམ་འདྲེས་སྐྱེ་ཁམས་རྒྱུན་མཐུད་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།