དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་མུ་གྲོང་ཚོར་ཁ་བའི་དར་དཀར་བཀླུབས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-04

    འདི་ནི་ཞོགས་པའི་ཉི་མ་ཤར་སྐབས་ཡུལ་སྐོར་བས་རི་ལྡེབས་སུ་པར་རྒྱག་བཞིན་པ།

    ཉིན་ཤས་བསྟུད་མར་ཁ་བ་བབས་ཏེ་ཤིན་ཅང་པུར་ཅིན་རྫོང་ཧོ་མུ་ཁཱ་ནཱ་སི་སོག་རིགས་ཤང་ཧོ་མུ་གྲོང་ཚོ་ཁ་བས་བཀླུབས་པས་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། ཁྱད་ལྡན་གྱི་དམངས་སྲོལ་གནས་ཚང་དང་། གངས་བཟོས་ཁང་པ། སྲོལ་རྒྱུན་ཞིམ་ཟས། གངས་ཤུད་རོལ་རྩེད་བཅས་ལས་གངས་འཁྱགས་ཀྱི་ཡུལ་སྐོར་དཔལ་འབྱོར་གྱི་རྣམ་པ་འཁྲུག་ཏུ་ཕྱིན་ཡོད། 2025ལོར་པུར་ཅིན་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་3005.61ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་255.58ཟིན་ནས་དུས་མཚུངས་ལས་76.69%དང་82.20%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།