དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལ་མུ་མཐུད་ནས་ལྟ་སྟངས་ཡག་པོ་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་མིང་།   |     སྤེལ་དུས།  2026-02-04

    འདི་ནི་ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ལྷུ་ལག་བཟོ་གྲྭ་ཞིག་ཏུ་ABBའཕྲུལ་མི་བཀོལ་སྤྱོད་བྱེད་བཞིན་པ།

    “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོར་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་འཛམ་གླིང་གི་རྒྱལ་ཁབ་ཁག་དང་གོ་སྐབས་མཉམ་སྤྱོད་བྱེད་པ་ནི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་གནས་འདིར་མ་འཇོག་བྱེད་པར་དགའ་པོ་བྱེད་དོན་ཞིག་རེད། འདི་ག་ཚགས་པར་གྱི་གསར་འགོད་པས་བཅར་འདྲི་བྱས་པའི་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་ཁེ་ལས་ཀྱི་འཐུས་མིས། ང་ཚོས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་མུ་མཐུད་ཡག་པོ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། ཀྲུང་གོའི་ཁྲོམ་རའི་གོ་སྐབས་གསར་པར་དམིགས་ཏེ། ཀྲུང་གོའི་དཔལ་འབྱོར་གྱི་ཁྱད་ལྡན་ལེགས་ཆ་ཡག་པོ་སྤྱད་དེ་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་བྱ་རྒྱུ་ཡིན་ཞེས་བརྗོད།

    “གཞི་ཁྱོན་ཤིན་ཏུ་ཆེ་ལ་སྣ་མང་རང་བཞིན་གྱི་ཀྲུང་གོའི་ཁྲོམ་ར་ནི་གཞན་དང་བསྡུར་ཐབས་བྲལ་བ་ཞིག་ཡིན་པ”

    ཡུན་རིང་མ་སོང་གོང་། ཏི་ཁ་ནོན་གྱིས་པེ་ཅིང་ཡན་ཆིང་རྒྱལ་ཁབ་རི་མཐོ་གངས་ཤུད་ལྟེ་གནས་སུ་2025ལོ་ནས་2026ལོ་བར་གྱི་གངས་འཁྱགས་དུས་ཚིགས་ཀྱི་འགོ་ཚུགས་བྱེད་སྒོ་སྤེལ་ཞིང་། ཆེད་ལས་རྩལ་ཁྲིད་དགེ་རྒན་གྱིས་ཡོངས་བསྒྲགས་སློབ་ཚན་ཚོགས་པ་དང་སྤྲོ་སྣང་འཕེལ་བའི་འགྲན་བསྡུར་བྱེད་པ་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཏེ། ཆེད་ལས་དང་སྤྲོ་འཕེལ་གྱི་གངས་འཁྱགས་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།

    ཏི་ཁ་ནོན་ཀྲུང་གོ་སྤྱི་འབྲེལ་དང་སྨྱན་སྦྱོར་འབྲེལ་གཏུག་སྤྱི་ཁྱབ་ལྟ་ཞིབ་པ་ཀྲའོ་ཅེ་ཡིས་གསར་འགོད་པར་ཀྲུང་གོ་ནི་ཏི་ཁ་ནོན་གྱི་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། 2025ལོར་ཏི་ཁ་ནོན་གྱིས་ཁྲེང་ཏུའུ་རུ་ཨེ་ཤེ་ཡའི་ཕྱི་རོལ་གྱི་དོན་སྤྱིའི་ཚོང་ཁང་ཐོག་མ་དེ་བཙུགས་པ་དང་འབྲེལ། ལྟེ་བའི་ས་ཁོངས་མང་པོར་ཚོང་ཁང་གསར་པ་བཙུགས་པ་དང་ད་ཡོད་ཀྱི་ཚོང་ཁང་ཡང་བསྐྱར་དུ་མཛེས་བཟོ་བྱས་ཡོད་ཅེས་དང་། “ཀྲུང་གོར་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་བར་མཐོངས་དང་མུ་མཐུད་ཐོན་པའི་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདིས། ཏི་ཁ་ནོན་ཀྲུང་གོར་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད” ཏི་ཁ་ནོན་གྱིས“ཕྱི་རོལ་ཆེན་པོ”ཡི་འཐབ་ཇུས་སྔོན་ཚུད་བཀོད་སྒྲིག་བྱས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དུས་སྐབས་ཕྱི་མའི་གངས་འཁྱགས་ལུས་རྩལ་གྱི་ཚ་རླབས་འཕྱུར་བའི་དུས་ཚོད་དམ་པོར་བཟུང་སྟེ། འབྲེལ་ཡོད་སྒྲིག་ཆས་ཁྱབ་གདལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་འཛད་སྤྱོད་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ཡོད་ཅེས་བརྗོད།

    “ཆ་ཚང་བའི་ཐོན་ལས་མ་ལག་གི་ལེགས་ཆ་ནི་ཀྲུང་གོའི་དཔལ་འབྱོར་གྱི་འགྲན་རྩོད་ནུས་པའི་རྨང་རྡོ་གལ་ཆེན་ཞིག་ཡིན་པ”

    གོ་ལ་ཧྲིལ་པོའི་རྣམ་གྲངས་54ཡི་ནང་ཀྲུང་གོས་ཇུས་འགོད་དང་། ཉོ་སྒྲུབ། ཨར་ལས་བཅས་བྱེད་པའི་འགན་གཙང་ཚོང་དུད་དང་མཉམ་ལས་བྱས་པ་དང་། ཀྲུང་གོའི་སྒྲིག་ཆས་བཟོ་སྐྲུན་ཚོང་དུད་དང་རིན་ཐང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་55ལས་བརྒལ་བའི་མཁོ་སྤྲོད་གན་རྒྱ་བཞག་པ། ཁེ་ལས་གཉེར་སྐྱོང་གི་ནུས་རྒྱུའི་རྣམ་གྲངས་ཚང་མར་ཀྲུང་གོའི་ལག་རྩལ་སྤྱད་པ་སོགས། སོ་ཏི་ཨ་རབ་རྒྱལ་སྤྱིའི་གློག་ཤུགས་དང་ཆུ་དོན་ཀུང་སིའི་གོ་ལ་ཧྲིལ་པོའི་ལག་བསྟར་ཙུང་ཚའེ་གཞོན་པ་དང་ཀྲུང་གོ་ཁུལ་གྱི་ཀྲུའུ་ཞི་སའེ་ལེ·ཧ་པུའུ་ཐི་ཡིས་གསར་འགོད་པར་ཀུང་སི་དེས་རོགས་ཟླ་ཡིན་པའི་ཀྲུང་གོའི་ཁེ་ལས་དང་མཉམ་ལས་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་ངོ་སྤྲོད་བྱས་པ་རེད།

    2025ལོའི་ཟླ་11པར། སྨི་ཆི་ལིན་རྟགས་ཅན་ཧྲེན་དབྱང་བཟོ་གྲྭས་འཁོར་སྡོད་རླངས་འཁོར་གྱི་འགྱིག་འཁོར་ཨང་དུང་ཕྱུར་1དེ་ལེགས་གྲུབ་བྱུང་ཞིང་། ལོ་30ལྷག་ཙམ་རིང་། ཧྲེན་དབྱང་བཟོ་གྲྭ་དེ་ཉིད་སྨི་ཆི་ལིན་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་ཆེས་ཆེ་ཤོས་དང་ཆེས་སྔོན་ཐོན་གྱི་རྩེར་སོན་འཁོར་སྡོད་རླངས་འཁོར་གྱི་འགྱིག་འཁོར་བཟོ་སྐྲུན་རྟེན་གཞིར་འགྱུར་ཡོད་ལ་ཀྲུང་གོའི་ཐོན་ལས་ལ་འཕོ་འགྱུར་བྱུང་བའི་བདེན་དཔང་ཡང་བྱས་ཡོད། ཉེ་ཆར་སྨི་ཆི་ལིན་རྟགས་ཅན་ཧྲང་ཧའེ་བཟོ་གྲྭ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་ནས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ནུས་ཆེའི་ལྗང་མདོག་འགྱིག་འཁོར་ཐོག་མ་དེ་བཟོ་སྐྲུན་ལེགས་གྲུབ་བྱུང་ཡོད།

    “ཤེས་ལྡན་པའི་ཁེ་འབབ་ཟམ་མི་ཆད་པར་ཆེ་རུ་བཏང་བས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྫོགས་མཐའ་མེད་པའི་སྒུལ་ཤུགས་བསྣན་པ”

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་མི་ཆད་པར་ཐོན་པ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་གསར་གཏོད་རྣམ་པའི་ཤེས་ལྡན་པ་དང་། འཐབ་ཇུས་རྣམ་པའི་ཤེས་ལྡན་པ། རྩལ་ནུས་ཆེ་བའི་ཤེས་ལྡན་པ་འབོར་ཆེན་ཞིག་རྒྱུན་ཆད་མེད་པར་ཐོན་ཡོད། ཤེས་ལྡན་པའི་ཁེ་འབབ་དང་ལྷག་པར་དུ“བཟོ་བཀོད་པའི་ཁེ་འབབ”སྤྲོད་མགྱོགས་སུ་བཏང་བ་ལས། ཕྱི་རྒྱལ་ཁེ་ལས་ཀྱིས་ཀྲུང་གོར་ཞིབ་འཇུག་གསར་སྤེལ་དང་གསར་གཏོད་བྱེད་པར་མ་དངུལ་གཏོང་ཤུགས་ཇེ་ཆེར་སོང་སྟེ། ཀྲུང་གོའི་ཁྲོམ་རར་ཡུན་རིང་གཞི་ཚུགས་པའི་གདེང་ཚོད་ཆེ་རུ་རྒྱུན་ཆད་མེད་པར་ཕྱིན་ཡོད།

    ABBའཕྲུལ་མི་ཀྲུང་གོའི་ས་ཆར་ཞིབ་འཇུག་གསར་སྤེལ་དང་བཟོ་སྐྲུན་བྱས་ནས་ལོ་30ལྷག་ཙམ་སོང་ཡོད། ཀྲུང་གོ་ནིABBཡི་གོ་ལ་ཧྲིལ་པོའི་འཕྲུལ་མི་རྩིས་སྤྲོད་ཁྲོམ་ར་ཆེ་ཤོས་དེ་ཡིན་པ་དང་ཐོན་རྫས་90%ས་གནས་དེ་གར་བཟོ་སྐྲུན་བྱེད་ཀྱི་ཡོད། “ABBའཕྲུལ་མིས་ཐོག་མཐའ་བར་གསུམ་དུ་གསར་གཏོད་གཞི་རྩར་བཟུང་ནས་ཀྲུང་གོའི་ཤེས་ལྡན་པའི་ཁེ་འབབ་དང་ལྷག་པར་དུ‘ལག་རྩལ་ཆེ་མོ་བའི་ཁེ་འབབ’དེས་ང་ཚོས་རང་ཡུལ་ཅན་གྱི་གསར་གཏོད་མངོན་འགྱུར་དང་ལག་རྩལ་གྱི་མཐོ་ས་འཛིན་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད” ABBཚོགས་པའི་མཐོ་རིམ་ཙུང་ཚའེ་གཞོན་པ་དང་འཕྲུལ་མིའི་ཀྲུང་གོ་ཁུལ་གྱི་ཙུང་ཚའེ་ཧན་ཁྲེང་གིས། ཀྲུང་གོས་མི་ཐབས་རིག་ནུས་ཁྱབ་ཁོངས་སུ་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོག་འཇོག་འབོར་ཆེན་བྱས་ཡོད། གསར་གཏོད་སྐྱེ་ཁམས་འཁྲུག་ཆ་དོད་པ་དེས་ཁེ་ལས་ཀྱིས་མི་ཐབས་རིག་ནུས་དང་འཕྲུལ་མིའི་ལག་རྩལ་མཉམ་འདྲེས་གསར་གཏོད་དང་འཚོལ་ཞིབ་བྱ་རྒྱུར་ཆ་རྐྱེན་ཡག་པོ་བསྐྲུན་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།