ཆོན་ཀྲོའུ་ཡུལ་ནས་གསེར་གྱི་འབྲེལ་ཟམ་བཙུགས། ལྷོ་རོང་རིག་གནས་དར་གོས་ལམ་བུར་བཀྲ

འདི་ནི་ལྷོ་རོང་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པས་བྱེད་སྒོ་ཁང་གི་མདུན་དུ་མཉམ་པར་རྒྱག་བཞིན་པ།

འདི་ནི་ལྷོ་རོང་རྫོང་གི་སྤོས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པས་འགྲེམས་སྟོན་ལ་ཞུགས་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བར་སྤོས་ངོ་སྤྲོད་བྱེད་བཞིན་པ།
ཉེ་ཆར། ཧྥུའུ་ཅན་ཞིང་ཆེན་ཆོན་ཀྲོའུ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པས་མཐུན་སྦྱོར་འབྲེལ་མཐུད་ཧུར་ཐག་བྱས་པ་བརྒྱུད། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་རྫོང་སྒྱུ་རྩལ་ཚོགས་པ་དང་དེ་བཞིན་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་སྒྲིག་འཛུགས་བྱས་ནས་ཆོན་ཀྲོའུ་གྲོང་ཁྱེར་དུ་2025ལོའི་མཚོ་ཐོག་དར་གོས་ལམ་བུའི་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོས་ལྷོ་རོང་རྫོང་གི་ཁྱད་ལྡན་རིག་གནས་ས་མཐོ་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་བ་མ་ཟད། མཚོ་ཐོག་གི་དར་གོས་ལམ་བུའི་རྒྱུད་ཀྱི་ས་ཁུལ་དང་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་ཡང་བཙུགས་ཡོད།
འབྲེལ་ཡོད་གསར་འགྱུར།