ཆིང་ཏའོ་བོད་སྐྱོར་གྱིས་རུས་ཚིགས་ནད་པ་135ལ་གཤགས་བཅོས་བྱས་པ།
ཉེ་ཆར། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་བཅུ་གཅིག་པའི་ཚོ་ཆུང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། “རི་ཆུ་གཅིག་ཏུ་འབྲེལ། ལྷད་མེད་གཅེས་སེམས་བཅངས”ཞེས་པའི་ཆིང་ཏའོ་གྲོང་ཁྱེར་བོད་སྐྱོར་སྤྱི་ཕན་རྣམ་གྲངས་དང་ཆིང་ཏའོ་གྲོང་ཁྱེར་གྱི་གཞུང་བཙུགས་སྨན་ཁང་གི‘ས་མཐོའི་ནད’སྐྱོབ་བཅོས་རྣམ་གྲངས་སྤེལ་འགོ་ཚུགས་པ་ནས་བཟུང་། རིམ་རྩིས་བརྒྱབ་ན། རུས་ཚིགས་ནད་པ་135ལ་གཤགས་བཅོས་ལེགས་སྒྲུབ་ཀྱིས་བདེ་ཐང་སླར་གསོ་ཡོང་བར་བྱས་ཡོད།
རྣམ་གྲངས་དེ་ནི་ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་རྟགས་ཚོགས་པ་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ཚོ་ཆུང་། ཆིང་ཏའོ་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་བཅས་ཀྱིས་མཉམ་དུ་གྲོས་འགོ་བཏོན་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ས་མཐོའི་ཁུལ་གྱི་མང་ཚོགས་ལ་རྒྱུན་མཐུད་ཀྱི་སྨན་བཅོས་རྒྱབ་སྐྱོར་གནད་སྨིན་བྱ་ཆེད་ཡིན་པ་རེད།
གཞན་ཡང་། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་ཁྱེར་གཞུང་བཙུགས་སྨན་ཁང་དང་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དབར་རེས་སྐོར་གསར་པའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་པོས་རྒྱང་ཁྲིད་སྨན་བཅོས་ནད་དཔྱད་དང་། ས་གནས་ཀྱི་ཤེས་ལྡན་པ་གསོ་སྐྱོང་། སྨན་བཅོས་ལག་རྩལ་ལ་རྒྱབ་སྐྱོར་སོགས་ཕྱོགས་མང་པོར་མཉམ་ལས་གཏིང་ཟབ་བྱས་ཏེ། སྨན་བཅོས་རོགས་སྐྱོར“དུས་ཐུང་རོགས་སྐྱོར”ནས“ཡུན་རིང་མཉམ་སྐྲུན”ལ་ཕྱོགས་སྒྱུར་ཡོང་བར་སྐུལ་འདེད་བཏང་ནས། “གཞན་རྟེན”ནས“རང་རྟེན”ལ་རིམ་སྤོར་བྱེད་པའི་ཐོག་ནས་བསམ་གྲུབ་རྩེ་ཆུས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རམ་འདེགས་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།