དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁྲང་ཧྲ་བོད་སྐྱོར་གྱིས་བོད་ཀྱི་ས་མཐོའི་བུ་བཙའི་མཐུན་སྦྱོར་ལྟེ་གནས་ཐོག་མ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-04

    “དེ་སྔ་ཕྲུ་གུ་བཙའ་བར་ལྷ་སར་འགྲོ་དགོས་ཀྱི་ཡོད། ད་ཆ་རྫོང་སྨན་ཁང་དུ་ཕྲུ་གུ་བཙའ་ཐུབ་པ་མ་ཟད། ད་དུང་ཁྲང་ཧྲ་ཡི་སྨན་པས་བརྒྱུད་རིམ་ཧྲིལ་པོར་ལྟ་སྐྱོང་བྱེད་ཀྱི་ཡོད་པས་བློ་བདེ་པོ་འདུག”ཅེས་ཉེ་ཆར་གོང་དཀར་རྫོང་ལྟེ་བའི་སྨན་ཁང་གི་བུ་བཙའི་ཚན་ཁག་ནད་ཁང་དུ་སྒྲོལ་མས་ཕྲུ་གུ་དམར་འབྱར་པང་དུ་ཉར་ནས་དེ་ལྟར་བཤད།

    “ལོ་ལྔ་ཚན་བཅུ་བཞི་པའི”རིང་། སྨན་བཅོས་བོད་སྐྱོར་ནི་ཁྲང་ཧྲ་ཡི་དམངས་འཚོའི་རོགས་སྐྱོར་གྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན་ཞིང་། ཁྲང་ཧྲ་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། མང་ཚོགས་ཀྱི་ནད་ལྟ་དཀའ་བའི་གནད་དོན་ལ་དམིགས་ཏེ་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་ནས་ཁྲང་ཧྲ་བོད་སྐྱོར་གྱི་གྲུབ་འབྲས་མངོན་པར་བྱས་ཡོད།

    ས་མཐོའི་སྦྲུམ་མ་ཤི་ཚད་མཐོ་བའི་གནས་ཚུལ་ལ་དམིགས་ནས། ཁྲང་ཧྲ་བོད་སྐྱོར་ལས་དོན་རུ་ཁག་གིས་གོང་དཀར་རྫོང་ལྟེ་བའི་སྨན་ཁང་དུ་ལས་རྣམ་གསར་གཏོད་བྱས་ཏེ། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་གྱི་སྨན་བཅོས་དང་། ནད་སྐྱོང་། སློབ་གསོ་སོགས་ཀྱི་ཞབས་ཞུ་ཟུང་འབྲེལ་ནུས་ལྡན་བྱས་ནས་བོད་ཀྱི་ས་མཐོའི་བུ་བཙའི་མཐུན་སྦྱོར་ལྟེ་གནས་ཐོག་མ་དེ་བསྐྲུན་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་400ཙམ་ཡོད་པའི་ལྟེ་གནས་དེས་ཁྱད་ལྡན་ས་མཐོའི་བུ་བཙའི་ཚན་ཁག་དང་། ཕྲུ་གུ་སྐྱེ་སྒུག་ལྟེ་གནས། སྦྲུམ་མའི་སློབ་གྲྭ་སོགས་ལ་བརྟེན་ནས་ས་མཐོའི་མ་བུ་བདེ་ཐང་ལ་སྲུང་སྐྱོང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།