དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་འབད་བརྩོན་ཧུར་ཐག་བྱེད་དགོས།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལུའོ་ཆིང་ཝུའུ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-04

    འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་བཅས་ཡིན་པའི་ལུའོ་ཆིང་ཝུའུ་ཡིན་པ།

    “རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱིས་ལྗོངས་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཁ་གསལ་བཟོས་པས་རང་ཉིད་ཀྱི་སེམས་ཤུགས་ཀྱང་འཕེལ་སོང”ཞེས་ཉེ་ཆར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་ལུའོ་ཆིང་ཝུའུ་ཡིས་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་ཚོགས་འདུར་ཞུགས་པའི་མྱོང་ཚོར་ཟབ་མོ་གསུངས།

    འདས་ཟིན་པའི་ལོ་གཅིག་གི་རིང་། ཆབ་མདོའི་དཔལ་འབྱོར་གནོན་ཤུགས་ཁྲོད“དཀའ་ཉེན་ལས་སྒྲོལ”ཐུབ་ཡོད། ལོ་ཧྲིལ་པོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་424.86ཟིན་ནས་6.7%འཕར་བ་དང་། མི་རེའི་ཆ་སྙོམས་GDPསྒོར་ཁྲི་5.59ལས་བརྒལ་ཡོད། བཀྲག་མདངས་མངོན་གསལ་དོད་ཤོས་ཤིག་ནི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་བའི་འཕར་ཚད་ལྗོངས་ཡོངས་ཀྱི་དམའ་ཤོས་ནས་ལོ་ཧྲིལ་པོར་སྒོར་དུང་ཕྱུར་406.23ལེགས་གྲུབ་ཟིན་ནས་10.2%འཕར་བ་མ་ཟད། བརྒྱ་ཆའི་གྲངས་24.2ཡི་འཕར་ཤུགས་ཆེན་པོ་སླར་གསོ་ཐུབ་ཡོད། ལུའོ་ཆིང་ཝུའུ་ཡིས“རྣམ་གྲངས་རྒྱུན་མཐུད་ཀྱི་མི་འདང་བའི་དཀའ་ངལ་ནི་དོན་དངོས་ཤིག་ཡིན་ཡང་། ‘གནས་ཐིག་ཁྱོན་གསུམ’གྱི་བརྟག་ཐབས་སྨྲ་བ་ནས་ང་ཚོར་འགག་སྒྲོལ་གྱི་གནད་འགག་རྙེད་བྱུང”ཞེས་གསུངས།

    འཕེལ་རྒྱས་གཏོང་བའི་རྩ་བའི་དམིགས་ཡུལ་ནི་མི་སེར་ཚོའི་འཚོ་བ་ཇེ་ཡག་ཏུ་གཏོང་རྒྱུ་དེ་ཡིན། ལུའོ་ཆིང་ཝུའུ་ཡིས། ཆབ་མདོ་གྲོང་ཁྱེར་གྱིས“གྲོང་ཁྱེར་གྱིས་སྤྱི་འདོམས་དང་། རྫོང་གིས་བཀོད་གཏོང་། ཤང་གིས་ཐོ་འགོད། གྲོང་ཚོས་སྒྲིག་འཛུགས་བཅས་བྱེད་པའི”འབབ་འཕར་གྱི་ལམ་སྲོལ་བརྒྱུད། ཞིང་འབྲོག་པ་ཁྲི་12.89ལས་ཞུགས་གཞན་སྒྱུར་ཐུབ་པར་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་28.39རག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་མི་7896གསར་དུ་ལས་ཞུགས་ཐུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་51090དང་། སྒོར་20866སོ་སོར་ཟིན་ནས་5.9%དང་7.3%སོ་སོར་འཕར་ཡོད་ཅེས་དམིགས་སུ་བཀར་ནས་གསུངས།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོ་ཞིག་ཡིན། ལུའོ་ཆིང་ཝུའུ་ཡིས། ཆབ་མདོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོར་གནང་བའི“འགྱུར་བ་གསུམ”གྱི་སྤྱིའི་ངེས་གནས་དང་། སྤྱིའི་བླང་བྱ། གྲོང་ཨུད་ཀྱིས་གནང་བའི་ལས་འགན་ཆེན་པོ་དགུ་བཅས་ཀྱི་འདེགས་སྐྱོར་ལ་དམ་པོར་དམིགས་ནས་བརྟན་ཐོག་ཡར་འཕེལ་དང་སྤུས་འབྲས་ལེགས་གཉེར་གྱི་ཐོག་ནས་ཆབ་མདོའི་དོན་དངོས་དང་མཐུན་པའི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཀྱི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།