དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལ་ཧྥ་འགག་སྒོ་དངོས་སུ་སླར་གསོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-04

    ཚེས་2ཉིན། ལ་ཧྥ་འགག་སྒོ་སླར་ཡང་སྒོ་ཕྱེ་ནས་མི་གྲངས་ཚོད་འཛིན་བྱས་ཏེ་ཕྱོགས་གཉིས་ནས་བཏང་བ་རེད། ལ་ཧྥ་འགག་སྒོ་ནི་ཅ་ཧྲ་ས་ཁུལ་གྱི་ལྷོ་རྒྱུད་དང་ཨེ་ཅིབ་ཀྱི་འབྲེལ་མཚམས་སུ་ཡིན་པ་དང་། 2024ལོའི་ཟླ་5པར་དབྱི་སི་རལ་དམག་མིས་ཕ་ལེ་སི་ཐན་གྱི་གཞོགས་གཅིག་ལ་ཚོད་འཛིན་བྱས་ཚུན་སྤྱིར་ན་སྒོ་བརྒྱབ་ནས་གཏོང་གི་མེད། དེའི་གོང་། ལ་ཧྥ་འགག་སྒོ་ནི་ཅ་ཧྲ་ས་ཁུལ་གྱི་གྲོང་མིའི་ཕྱིར་སྐྱོད་བགྲོད་ལམ་གཙོ་བོ་དེ་ཡིན་ལ། རྒྱལ་སྤྱིའི་མི་ཆོས་རོགས་སྐྱོབ་དངོས་ཟོག་ཅ་ཧྲ་རུ་དབོར་སའི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། འདི་ནི་ཟླ་2ཚེས་2ཉིན། ཨེ་ཅིབ་ཀྱི་རོགས་སྐྱོབ་རླངས་འཁོར་མང་པོ་ལ་ཧྥ་འགག་སྒོའི་ཨེ་ཅིབ་ཕྱོགས་ནས་ཅ་ཧྲ་ས་ཁུལ་དུ་གཏོང་རྒྱུར་སྒུག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།