མོ་རི་ཐིའུ་སིས་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”དང“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ན་ན་རི་ཝོ་ནས་གློག་འཕྲིན་འབྱོར་གསལ། ལོ་དབྱི་སི་གྲུ་ཁ་ནས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། མོ་རི་ཐིའུ་སིས་2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”དང“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་རིམ་སྤེལ་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཚེས་24ཉིན་མོ་རི་ཐིའུ་སིའི་རྒྱལ་ས་ལོ་དབྱི་སི་གྲུ་ཁར་ཡོད་པའི་མོ་རི་ཐིའུ་སི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་འཚོགས་པ་རེད། མོ་རི་ཐིའུ་སིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོང་ཧྲི་ཧྥང་དང་མོ་རི་ཐིའུ་སིའི་སྒྱུ་རྩལ་དང་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཝུའེ་ལུའོ་ཉི་ཁེ·ལེ-ཀེ་ཝུན་ཏེ་སོགས་སྐུ་མགྲོན་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།