མོ་ཙམ་པི་ཁེའི་ཙུང་ཐུང་གིས་བརྗོད་དོན།
ཀྲུང་གོའི་མ་འཇོག་རྡོ་སྣག་བཟོ་གྲྭ་ལེགས་གྲུབ་བྱུང་བ་ལས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་དངོས་མཚོན་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་ཕུ་ཐོ་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་བྱང་རྒྱུད་ཀྱི་ཉི་ཡ་ས་ཞིང་ཆེན་དུ་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་སྐྲུན་པའི་མོ་ཙམ་པི་ཁེའི་རྡོ་སྣག་ལས་སྣོན་བཟོ་གྲྭ་བཙུགས་པའི་མཛད་སྒོར་ཞུགས་ཤིང་། ཁོང་གིས་ལས་སྣོན་བཟོ་གྲྭ་བཙུགས་པ་དེ་ཐོག་ནས་མོ་ཀྲུང་གི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲུབ་འབྲས་དངོས་མཚོན་ཡོད་ཅེས་བརྗོད་པ་རེད།
ཁྲ་པོས། རྡོ་སྣག་ལས་སྣོན་བཟོ་གྲྭ་དེ་བསྐྲུན་པ་ལས་མོ་ཙམ་པི་ཁེས་ཕྱིར་གཏོང་གི་མ་བཅོས་རྒྱུ་ཆ་སྣེ་གཅིག་གི་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བྱུང་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་ཚོགས་ལ་ལས་ཞུགས་གསར་གཏོད་དང་། ཁྱིམ་ཚང་གི་ཡོང་འབབ་མང་གཏོང་། དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།
རྣམ་གྲངས་དེ་ནི་ཀྲུང་གོའི་མ་འཇོག་ཁེ་ལས་ཅི་ནན་ཡུས་ཞའོ་ཚོགས་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། ཁྱོན་ཨ་སྒོར་དུང་ཕྱུར་1.5ཙམ་བཏང་ནས་ལོ་རེར་རྡོ་སྣག་ཏུན་ཁྲི་20ཐོན་སྐྱེད་བྱེད་རྩིས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།