2025ལོར་བོད་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་148བྱས་པ།
ས་ཆུ་ཤོར་བའི་རྒྱ་ཁྱོན་མུའུ་ཁྲི་23བཅོས་སྐྱོང་བྱས་པ།
གསར་འགོད་པར་བོད་རང་སྐྱོང་ལྗོངས་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་ལྗོངས་ཀྱིས་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་148བྱས་པའི་ནང་ལྷོ་རི་བྱང་རིར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་43དང་། རྩྭ་ཐང་ཉམས་ཞན་དུ་ཕྱིན་པ་མུའུ་ཁྲི་517ཉམས་གསོ་བཅོས་སྐྱོང་། ས་ཆུ་ཤོར་བའི་རྒྱ་ཁྱོན་མུའུ་ཁྲི་23བཅོས་སྐྱོང་བཅས་བྱས་ཡོད།
2025ལོར་བོད་འདི་ཉིད་རང་སྐྱོང་ལྗོངས་ཀྱི་A4རིམ་པའི“སྙིགས་མེད་གྲོང་ཁྱེར”ཁག་དང་པོར་དཔྱད་བསྡུར་གཏན་འཁེལ་བྱས་པ་མ་ཟད། མི་ཐབས་ནགས་བཟོའི་ཐཱན་འདུས་གདིང་གཞིའི་བརྟག་དཔྱད་དང་ཉོ་ཚོང་ཚོད་ལྟའི་ལས་དོན་སྤེལ་བ་རེད། ལྗོངས་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་། གཙང་པོ་དང་མཚོ་གཙོ་བོ། འཐུང་ཆུའི་ཆུ་འགོ་བཅས་ཀྱི་ཆུའི་སྤུས་ཚད་100%ཟིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ཚང་མ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་གྱི་དཔེ་སྟོན་ཁུལ་དུ་བསྐྲུན་ཡོད།
2026ལོར་བོད་ཀྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་མུ་མཐུད་དུ་དོན་འཁྱོལ་བྱས་ཏེ། ཡར་ཀླུང་གཙང་པོའི་འབབ་རྒྱུད་སོགས་འགག་རྩའི་ས་ཁོངས་ཀྱི་སྐྱེ་ཁམས་སླར་གསོའི་ལས་གྲྭ་ལག་ལེན་བསྟར་ནས། སྔོན་དཔག་བྱས་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་40ཡན་ལེགས་སྒྲུབ་བྱ་རྒྱུའི་ནང་ལྷོ་རི་བྱང་རིར་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་20དང་། རྩྭ་ཐང་ཞན་འགྱུར་མུའུ་ཁྲི་220ཉམས་གསོ་བཅོས་སྐྱོང་། ས་ཆུ་ཤོར་བའི་རྒྱ་ཁྱོན་མུའུ་ཁྲི་25བཅོས་སྐྱོང་བཅས་བྱ་རྒྱུ་མ་ཟད། རྩྭ་ཐང་དུ་ཕྱུགས་བཀག་དང་རྩྭ་ཕྱུགས་དོ་སྙོམས་མུའུ་དུང་ཕྱུར་10བྱ་རྒྱུ་རེད། བོད་ཀྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་གཏོད་ལས་དོན་ལ་མུ་མཐུད་སྐུལ་འདེད་ཧུར་ཐག་བཏང་ནས། ཉིང་ཁྲིའི་རྒྱལ་ཁབ་རྩི་ཤིང་གླིང་འཛུགས་སྐྲུན་དང་བོད་ཀྱི་ཤུག་པ་རང་བྱུང་སྲུང་སྐྱོབ་ས་ཚིགས་འཛུགས་རྒྱུ་རེད། བོད་ཀྱིས་ད་དུང་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེ་དོ་དམ་ཚོད་འཛིན་ལོ་ལྔའི་སྟབས་བསྟུན་ཚོད་སྐོར་བྱས་ཏེ་རྩྭ་ཐང་གི་ཐཱན་འདུས་བྱེད་ནུས་ཚོད་སྐོར་དང་ཐཱན་ལྡན་ཐཱན་འདུས་བྱེད་ཐབས་ཞིབ་འཇུག་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་ཐཱན་འདུས་རྣམ་གྲངས་ཉོ་ཚོང་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།