དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་རྟེན་མཛོད་ཁང་ཁྱབ་ཁོངས་ཀྱི་ས་གནས་ཀྱི་ཚད་གཞི་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-04

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཆེན་གྱི་རྟེན་མཛོད་ཁང་ཁྱབ་ཁོངས་ཀྱི་ས་གནས་ཀྱི་ཚད་གཞི་ཐོག་མ《རྟེན་མཛོད་ཁང་གི་ཞབས་ཞུའི་ཚད་གཞིའི་མ་ལག》ཞེས་པ་དེ་ཁྱབ་བསྒྲགས་བྱས་ནས་ཟླ་2ཚེས་10ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

    《རྟེན་མཛོད་ཁང་གི་ཞབས་ཞུའི་ཚད་གཞིའི་མ་ལག》ནང“ཞབས་ཞུའི་རྒྱུན་སྤྱོད་རྨང་གཞི་དང་། ཞབས་ཞུ་མཁོ་འདོན། ཞབས་ཞུ་འགན་ལེན། ལས་གནས་ཀྱི་ཚད་གཞི”བཅས་ཡན་ལག་བཞི་ལ་དབྱེ་ཞིང་། དེའི་ནང་ཚད་ལྡན་ཅན་གྱི་ལས་དོན་དང་། རིག་དངོས་སྲུང་སྐྱོང་། འགྲེམས་སྟོན་དོ་དམ། རིག་ནུས་ཞབས་ཞུ། བདེ་འཇགས་འཕྲལ་སྡོམ་སོགས་ཁྱབ་ཁོངས་ཚུད་པ་མ་ཟད། གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་ནང་དོན་ཡང་ཚུད་ཡོད། རྟེན་མཛོད་ཁང་གི་ལས་རིགས་ཀྱི་ཕྱོགས་ཁག་གི་ཞབས་ཞུའི་རིགས་ཀྱི་ཚད་གཞི་ཁག་257ཁ་གསལ་བཟོས་ནས་རྟེན་མཛོད་ཁང་གི་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་པ་རེད།

    ཚད་གཞི་དེས་མཚོ་སྔོན་གྱི་རྟེན་མཛོད་ཁང་འབྲིང་ཆུང་ཁག་ལ་གཅིག་གྱུར་གྱི་བཀོལ་སྤྱོད་བྱེད་སྟངས་མཁོ་འདོན་བྱས་ཡོད་པས། སྤྱི་པའི་རིག་གནས་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།