དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་འཆར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-04

    ཟླ་2ཚེས་3ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དྲུང་ཡིག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། ཟླ་2ཚེས་1ཉིན་གྱི་ཆུ་ཚོད་12བར་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ལ་འཐུས་མིའི་གྲོས་འཆར་ཁྱོན་བསྡོམས་ཁག་2འབྱོར་བས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འཆར་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ་རེད།

    འཐུས་མིས་ཕུལ་བའི་གྲོས་འཆར་ཁག་2ཀྱི་ནང་དོན་ལ་བལྟས་ཚེ། གཙོ་བོ་རང་ལྗོངས་ཀྱི་རི་སྐྱེས་ཉ་རིགས་སྲུང་སྐྱོང་དང་ཞིང་འབྲོག་ཁུལ་གྱི་ཡུལ་མིའི་སྡོད་ཁང་གི་ཡོམ་འགོག་སྒྱུར་བཀོད་རིམ་སྤོར་དང་འབྲེལ་བ་ཡོད་པ་དང་། ཁྲིམས་འཛུགས་ཁོངས་གཏོགས་ཀྱི་གྲོས་འཆར་1དང་དོན་གནད་གལ་ཆེན་གཏན་འབེབས་ཐད་ཀྱི་གྲོས་འཆར་1ཡོད་པ་རེད། གྲོས་འཆར་གཉིས་པོ་དེ་དག་ཆེད་དམིགས་ཨུ་ཡོན་ལྷན་ཁང་ལ་ཚོགས་འདུ་གྲོལ་རྗེས་གྲོས་ཞིབ་བྱ་རྒྱུར་ཕུལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་2ཚེས་3ཉིན་གྱི་ཆུ་ཚོད་12བར། ཁྱོན་བསྡོམས་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་ཁག་424འབྱོར་བ་དེ་དག་དམངས་འཚོ་དང་། སློབ་གསོ། འཕྲོད་བསྟེན། སྐྱེ་ཁམས། ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་འཐུས་མིའི་གྲོས་འགོ་བསྡུ་ལེན་དང་། ལེགས་སྒྲིག སྒྲུབ་རྒྱུར་རྩིས་སྤྲོད། སྒྲུབ་སྐུལ། ལན་འདེབས་སོགས་ཀྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། གྲོས་འགོ་སྒྲུབ་གཉེར་ཡག་པོ་དང་དོན་འཁྱོལ་ཡག་པོ་ཡོང་བའི་འགན་ལེན་བྱས་ནས་འཐུས་མི་རྣམས་བློ་ཡིད་ཚིམ་པོ་ཡོང་བར་བྱེད་ཀྱི་ཡིན”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ལས་དོན་ཨུ་ལྷན་གྱི་འཐུས་མིའི་འབྲེལ་གཏུག་གྲོས་འཆར་ཁྲུའུ་ཡི་ཁྲུའུ་ཀྲང་ཅང་ཡུན་ཐའོ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།