དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།    |     སྤེལ་དུས།  2026-02-03

    རྒྱལ་ཁའི་ངང་གྲོལ་བ།

    དེ་རིང(ཟླ་2ཚེས་3ཉིན)ཕྱི་དྲོ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད།

    ཚོགས་རའི་ཕྱི་ནང་།























    ཉིན་ཤས་བསྟུད་མར། ཚོགས་འདུར་ཞུགས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་སྤྲོ་སེམས་འཁོལ་པོས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་ཟབ་མོ་བཅངས་ནས། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོར་དམིགས་ཏེ་དམངས་འཚོ་གླེང་བ་དང་འཕེལ་རྒྱས་དོན་གཉེར་གྱིས་འགན་འཁྲི་ཏན་ཏིག་བསྒྲུབས་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་པ་རེད། ཚང་མས་འབད་འཐབ་ཀྱི་རྒྱང་ལམ་གསར་པར་དངོས་འཛིན་དངོས་སྒྲུབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་ལྡན་པའི་གངས་ལྗོངས་ཀྱི་ལེའུ་མཉམ་དུ་རྩོམ་གྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།