ཀུན་སེམས་གཅིག་སྒྲིལ་བརྗིད་ཆེའི་འཆར་གཞི་བཀོད། འབད་འབུངས་སྔོན་བརྩོན་བྱས་རྗེས་གསར་པ་གཏོད།
རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་མཇུག་འགྲིལ་ཚོགས་འདུའི་པར་རིས་བདམས་བཀོད།

རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འདེམས་བསྐོའི་ཚོགས་ཆེན་འཚོག་ཡུལ་ཡིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འགན་སྒྲུབ་ཀྱི་རྒྱང་ལམ་གསར་པར་སྐྱོད་མཁན་བློ་མཐུན་ཚོར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་ཚོས་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་ཚོས་འདེམས་ཤོག་ལ་ནན་ཏན་ངང་གཟིགས་བཞིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་གྱིས་འདེམས་ཤོག་འཕེན་བཞིན་པ།

སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྲོ་སེམས་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ཚོགས་ར་ནས་ཕེབས་བཞིན་པ།
ཟླ་2ཚེས་2ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་རིམ་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།
ཉིན་བཞི་ཡི་ཚོགས་འདུ་འཚོག་ཡུན་ཐུང་ཡང་ཕུན་སུམ་ཚོགས་པ་དང་། ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་འཕེལ་རྒྱས་ཀྱི་དོན་ཆེན་དང་། སྒྱུར་བཅོས་ཀྱི་དོན་ཆེན། དམངས་འཚོའི་དོན་དངོས་བཅས་ལ་དམིགས་ནས་གྲོས་མོལ་སྲིད་གླེང་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་བས། སྲིད་གླེང་གི་གྲུབ་འབྲས་བཟང་པོ་ཐོབ་པ་མ་ཟད། དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་ཚོའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་གང་ལེགས་མངོན་ཡོད།
མཇུག་འགྲིལ་ཚོགས་འདུའི་ཐོག རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་གྲོས་ཆོད་སོགས་ལ་གྲོས་འཆམ་བྱུང་བའི་སྐབས་སུ་ཚོགས་རར་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་དང་། ཐལ་མོའི་རྡེབ་སྒྲ་དེ་ཐུན་མོང་གི་ངོས་འཛིན་དང་ཡིད་ཆེས་ཤིག་རེད་ལ། འབྱུང་འགྱུར་གྱི་ལས་དོན་ལ་རེ་སྒུག་བྱེད་པ་ཞིག་དེ་བས་ཀྱང་རེད།
ཚོགས་འདུའི་ཐོག་གཅིག་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་འབད་འབུངས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྣམས་ནས། ཨུ་ཡོན་ཚོ་ས་གནས་ཁག་ཏུ་ལོག་ནས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གྲོང་གསེབ་དར་རྒྱས་ཀྱི་འགག་སྒྲོལ་གྱི་འཐབ་ས་དང་པོ་དང་། ཚན་རྩལ་གསར་གཏོད་ཀྱི་གཡུལ་ས་མདུན་མ། སློབ་གསོ་དང་སྨན་བཅོས་ཀྱི་གཞི་རིམ་ལས་གནས་བཅས་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་བརྒྱུད་བསྒྲགས་བྱ་རྒྱུ་མ་ཟད། ཚོགས་འདུའི་རིང་བཏོན་པའི་ཐབས་འདོན་ཇུས་འབུལ་དག་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བ་བྱེད་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་གྲོས་ཨུ་ཡོན་གྱི་ལས་འགན་དང་འགན་འཁྲིར་གསལ་འགྲེལ་བྱ་རྒྱུ་རེད།
འཆར་གཞི་བཀོད་ཟིན་ལ་དུང་བརྡ་ཡང་བཏང་ཟིན། ཨུ་ཡོན་ཚོས་དམངས་ལ་བཅངས་པའི་བརྩེ་བ་ཟབ་ཏུ་གཏོང་བ་དང་དངོས་སྒྲུབ་ཀྱི་ཐབས་ཇུས་ཟབ་མོ་བཀོད་དེ་འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་ཀྱིས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་པར་སྟོབས་ཤུགས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་མགྲིན་གཅིག་ཏུ་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།