དུད་ཚང་དུ་བསྐྱོད་ནས་བདེ་འཇགས་དྲིལ་བསྒྲགས་བྱས། གཅེས་སེམས་བཅངས་ནས་དམངས་འཚོར་ཞབས་འདེགས་ཞུས།

འདི་ནི་གངས་ལྷ་མེ་ཏོག་བུད་མེད་སྐད་གཉིས་སྨྲ་ཤེས་པའི་དང་བླངས་ཞབས་ཞུ་རུ་ཁག་གིས“ཁྱིམ་ཚང་དུ་དྲིལ་བསྒྲགས་བྱེད་པའི”བྱ་སྤྱོད་སྤེལ་བཞིན་པ།

འདི་ནི་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གིས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གངས་ལྷ་མེ་ཏོག་རིག་རྩལ་རུ་ཁག་གིས“ཞིང་འབྲོག་ཁུལ་དུ་དགུན་དུས་དྲོ་སྐྱིད་སྦྱིན་པའི་མེ་གསོད་བྱ་སྤྱོད”ཀྱི་སྐོར་སྐྱོད་འཁྲབ་སྟོན་ཐོག་མ་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་དགའ་གདོང་མཐུན་སྒྲིལ་གྲོང་གསར་དུ་དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།
འཁྲབ་སྟོན་རིང་། མེ་གསོད་ཤེས་བྱ་ཁྱབ་སྤེལ་བྱེད་པའི་མིག་གི་དགའ་སྟོན་ཡོད་ལ། སློབ་གསོ་གཏོང་བའི་རྒྱུན་ཤེས་ཁྱབ་གདལ་ཡང་ཡོད་པས། མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
འཁྲབ་སྟོན་མཇུག་འགྲིལ་རྗེས། གངས་ལྷ་མེ་ཏོག་བུད་མེད་སྐད་གཉིས་སྨྲ་ཤེས་པའི་དང་བླངས་ཞབས་ཞུ་རུ་ཁག་གིས“ཁྱིམ་ཚང་དུ་དྲིལ་བསྒྲགས་བྱེད་པའི”བྱ་སྤྱོད་སྤེལ་ཏེ་མང་ཚོགས་ལ་མེ་དང་། གློག སོལ་རླངས་བཅས་སྤྱོད་སྐབས་དོ་སྣང་བྱེད་དགོས་ས་དང་དེ་བཞིན་མེ་གསོད་སྟངས་དང་མེ་སྐྱོན་ཐོན་སྐབས་རང་སྲུང་བྱེད་ཐབས་བསླབས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བྱེད་སྒོ་ནི་ལྷོ་ཁ་མེ་གསོད་ཀྱིས་མེ་ཟོན་ཤེས་བྱ་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གསར་པ་ཞིག་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།