དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁེ་ལས་དེའི་ལིས་གློག་རྫས་ཀྱི་ལོའི་ཕྱིར་གཏོང་བསྡོམས་འབོར་ལྡབ་3.8འཕར་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀུང་ཧྲི་ཅན། ཆའོ་ཏུང་།   |     སྤེལ་དུས།  2026-02-03

    2025ལོར་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་འཕར་ཚད་41.9%ཟིན་པའི་ལིས་གློག་རྫས་ཀྱིས་ཕྱིར་གཏོང་རིན་ཐང་བསྡོམས་འབོར་གྱི་ཕྱེད་ཀ་ཙམ་བཟུང་ཡོད། ལིས་གློག་རྫས་ཀྱི་ཁེ་ལས་ཤིག་ཡིན་པའི་ཧྥུའུ་ཏི་ཀུང་སིའི་ཕྱིར་གཏོང་དངུལ་འབོར་སྒོར་དུང་ཕྱུར་29.9ཟིན་ནས་དུས་མཚུངས་ལས་ལྡབ་3.8འཕར་ཞིང་། ཐོན་རྫས་ཧང་ག་རི་དང་། ཨུ་ཟ་བྷེ་ཁི་སི་ཐན། མ་ལེ་ཞི་ཡ། ཝེ་ཐེ་ནམ་སོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཁྲོམ་རར་བྲིན་ཚོང་བྱེད་ཀྱི་ཡོད།

    ཚྭ་མཚོའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་མཚོ་སྔོན་ཚྭ་མཚོའི་རྫས་འགྱུར་བཟོ་ལས་ཁེ་ལས་ཀྱིས་ཐོན་སྐྱེད་བྱས་པའི་ཐཱན་སྐྱུར་ལིས་ཐོན་རྫས་ནི་ལིས་གློག་རྫས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས། ལིས་གློག་རྫས་ཀྱི་ཁེ་ལས་མང་པོས་མ་འཇོག་བྱས་ནས་བཟོ་གྲྭ་བསྐྲུན་པར་ཡིད་དབང་བཀུག་ཡོད། ཧྥུའུ་ཏི་ཀུང་སི་2023ལོར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ལོ་དེར་གྲུབ་འབྲས་ཐོབ་ཅིང་། 2025ལོར་སླར་ཡང་ཕྱིར་གཏོང་མགྱོགས་སུ་བཏང་བ་དེར་ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་བྱས་ནས་ཐོན་རྫས་རིམ་འཇུག་ལ་སྣེ་ཁྲིད་བྱེད་པའི་ཧུར་སེམས་ཡོད་ལ། ཕྱོགས་ཁག་གིས་ཐོན་རྫས་ཕྱི་རྒྱལ་དུ་ཚོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཀྱང་ཡོད།

    ཕྱི་རྒྱལ་གྱི་ཁྲོམ་རར་སྐྱོད་བསམ་ན། ད་དུང་ས་གནས་དེ་གའི་ཁྲོམ་རའི་དགོས་མཁོ་སྣ་མང་སྐོང་དགོས། ཐེ་ལན་སོགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྲོམ་རར་ཆ་མཚོན་ན། དྲོད་ཚད་ཆེ་བའི་རྐྱེན་གྱིས་གློག་རྫས་ཀྱི་ཤོང་ཚད་ཞན་དུ་འགྲོ་གི་ཡོད། ཧྥུའུ་ཏི་ཀུང་སིས་གློག་གསོག་གཏོང་གི་འཁོར་སྐྱོད་ཚོད་ལྟ་ཐེངས་སྟོང་ཕྲག་བྱས་པ་བརྒྱུད། དྲོད་ཚད་མཐོ་པོར་འཚམས་པའི་གློག་འབྱེད་གཤེར་ཁུ་ཞིབ་བཟོ་བྱས་ཏེ། གློག་རྫས་གློག་འབྱེད་གཤེར་ཁུ་ཚ་དྲོད་ལ་འཚམས་པའི་ནུས་པ་ཆེ་རུ་བཏང་ཡོད། 2025ལོར་ཧྥུའུ་ཏིའི་གློག་རྫས་བསྒར་བའི་རླངས་འཁོར་ཁག་གཅིག་ཐེ་ལན་དུ་བྲིན་ཚད་170%ལྷག་ཙམ་འཕར་ཡོད་པ་རེད།

    ལྕགས་ལམ་སྡེ་ཚན་གྱིས་ཀྱང་ལིས་གློག་རྫས་མེ་འཁོར་གྱིས་ཕྱིར་གཏོང་བྱེད་པར་སྐུལ་འདེད་བཏང་ཞིང་། དེ་གོང་ལིས་གློག་རྫས་མང་ཆེ་བ་སྐམ་ལམ་ནས་མཚོ་ལམ་མམ་ཡང་ན་མཁའ་ལམ་ལ་བརྒྱུད་སྐྱེལ་བྱེད་ཅིང་། 2023ལོའི་ལོ་མཇུག་ཏུ་ཧྥུའུ་ཏི་ཀུང་སིས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་བཙལ་ནས་ལྕགས་ལམ་བརྒྱུད་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། རེ་ཞུ་འབྱོར་སྐབས། ཚོང་དུད་ཞབས་ཞུ་པུའུ་ཡི་འགན་འཁུར་བ་ཙེང་ཆང་ལ་དཀའ་གནད་འཕྲད་པ་སྟེ། “ལིས་གློག་རྫས་ནི་ཉེན་ཁ་ཆེ་བའི་དངོས་རྫས་ཤིག་ཡིན་པས། ལྕགས་ལམ་ནས་སྐྱེལ་འདྲེན་བྱེད་དགོས་ན། དམིགས་བསལ་གྱི་སྐྱེལ་འདྲེན་ས་ཚིགས་འཚོལ་དགོས་ལ། ད་དུང་ལིས་གློག་རྫས་བླུགས་སའི་ཆེད་སྤྱོད་དོས་སྒམ་ཡང་ཡོད་དགོས”

    “སྐྱེལ་འདྲེན་གྱི་འཇུར་མིག་དེར་དམིགས་ནས་ཞིང་ཆེན་ཚོང་དོན་སྡེ་ཚན་གྱིས་འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་བྱས་ཏེ། ལིས་གློག་རྫས་སྐྱེལ་འདྲེན་ཚོད་ལྟ་སོགས་ཀྱི་ལས་དོན་སྤེལ་ཡོད” མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་དབྱང་ཞའོ་མིན་གྱིས་ཁེ་ལས་དང་། ལྕགས་ལམ་སྡེ་ཚན། སྲིད་གཞུང་སྡེ་ཚན་བཅས་འབྲེལ་མཐུད་བྱས་ནས་དཀའ་གནད་རེ་རེ་བཞིན་བསལ་ཡོད་ཅེས་ངོ་སྤྲོད་བྱས།

    2025ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་ཟོག་འདྲེན་དུས་གཏན་མེ་འཁོར་187བཏང་བ་དེ་དུས་མཚུངས་ལས་38.5%འཕར་ནས་ཨེ་ཤེ་ཡ་ཤར་ལྷོ་དང་། ཨེ་ཤེ་ཡ་དབུས་མ། ཡོ་རོབ་སོགས་ས་ཁུལ་གྱི་རྒྱལ་ཁབ་10དང་གྲོང་ཁྱེར་16ལ་བཏང་བས། ལིས་གློག་རྫས་ཕྱིར་གཏོང་ལམ་བུ་རྒྱ་ཆེར་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།