“ལོ་ལྔ་ཚན་བཅུ་བཞི་པའི”རིང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་9.1%འཕར་བ།
རྒྱུན་མཐུད་འཕར་ཚད་བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ།
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱི་རྩེར་སོན་བཟོ་སྐྲུན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་9.1%འཕར་ཏེ། རྒྱུན་མཐུད་འཕར་ཚད་བཟོ་སྐྲུན་ལས་རིགས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད། 2025ལོར་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་7.4%འཕར་བ་དེས་བཟོ་སྐྲུན་ལས་རིགས་ཀྱི་བསྡུར་ཚད་ཀྱི་47.7%ཟིན་པ་དེ་2021ལོ་ལས་བརྒྱ་ཆའི་གྲངས་4.7གྱིས་མཐོ་བ་ཡོད། རྩིས་འཁོར་འཕྲིན་གཏོང་སྒྲིག་ཆས་ཀྱི་བཟོ་སྐྲུན་ལས་རིགས་དང་དཔྱད་ཆས་བཟོ་སྐྲུན་ལས་རིགས་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་ཚུལ་ཡག་པོ་བྱུང་སྟེ་དུས་མཚུངས་ལས་11.5%དང་10.3%སོ་སོར་འཕར་ཡོད།
གསར་གཏོད་ཐོན་ལས་སྟོབས་ཆེར་འགྲོ་བཞིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་13.9%འཕར་ཡོད། 2025ལོར་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་13.9%འཕར་ཏེ་མཐོ་གསར་ལག་རྩལ་གྱི་བཟོ་སྐྲུན་ལས་རིགས་དང་མཐོ་གསར་ལག་རྩལ་གྱི་ཞབས་ཞུའི་ལས་རིགས་དུས་མཚུངས་ལས་10.1%དང་16.6%སོ་སོར་འཕར་བ། རིག་ནུས་འཛད་སྤྱོད་ཀྱི་སྒྲིག་ཆས་བཟོ་སྐྲུན་དང་། འདུས་གྲུབ་གློག་ལམ་བཟོ་སྐྲུན། འཕྲུལ་མི་བཟོ་སྐྲུན་བཅས་དུས་མཚུངས་ལས་32.4%དང་། 19.2% 24%སོ་སོར་འཕར་ཡོད།
གྲངས་འཛིན་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་བྱེད་ཤུགས་མགྱོགས་སུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི” རིང་། རྒྱལ་ཡོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་10.5%དང་། ཁེ་ལས་ཀྱིས་ཉོ་སྒྲུབ་བྱས་པའི་གྲངས་འཛིན་ལག་རྩལ་ལོར་ཆ་སྙོམས་11.2%འཕར་ཡོད། 2025ལོར་གྲངས་འཛིན་དཔལ་འབྱོར་གྱི་ལྟེ་བའི་ཐོན་ལས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་9.4%འཕར་བ་དང་། རྒྱལ་ཡོངས་ཁེ་ལས་ཀྱིས་གྲངས་འཛིན་ལག་རྩལ་ཉོ་སྒྲུབ་བྱས་པའི་དངུལ་གྲངས་དུས་མཚུངས་ལས་9.6%འཕར་ཡོད།
ལྗང་མདོག་ཕྱོགས་སྒྱུར་བྱེད་ཤུགས་མུ་མཐུད་ཟབ་ཏུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་གྱི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་49.5%འཕར་བ་དང་། རླུང་ནུས་དང་། འོད་ཤུགས། ཆུ་ཤུགས། ཉིང་རྡུལ་སོགས་ཀྱིས་གཙོས་པའི་ནུས་རྒྱུ་གཙང་མའི་གློག་གཏོང་གི་ཕྱིར་ཚོང་ཡོང་འབབ་ལོར་ཆ་སྙོམས་13.9%འཕར་ཡོད། 2025ལོར་ལྗང་མདོག་ཐོན་ལས་ཅུང་མགྱོགས་པོ་འཕར་རྒྱུ་མུ་མཐུད་རྒྱུན་འཁྱོངས་ཐུབ་སྟེ། ནུས་རྒྱུ་གསར་པའི་རླངས་འཁོར་བཟོ་སྐྲུན་དུས་མཚུངས་ལས་14.3%འཕར་བ་དང་། ནུས་རྒྱུ་གཙང་མའི་གློག་གཏོང་ལས་རིགས་ཀྱི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་17.3%འཕར་ནས་གློག་ཤུགས་ཐོན་སྐྱེད་ལས་རིགས་ཡོངས་ཀྱི་ཕྱིར་ཚོང་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་38.5%ཟིན་པ་དེ་2021ལོ་ལས་བརྒྱ་ཆའི་གྲངས་6.9ཡིས་མཐོ་རུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།