དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕུའུ་ཏུང་དུ་ལོ་གསར་གཏོང་བར་ཕེབས་དང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    ཟླ་1ཚེས་30ཉིན། “ཕུའུ་ཏུང་དུ་ལོ་གསར་གཏོང་བར་ཕེབས་དང”ཞེས་པའི་དཔྱིད་གསར་དུས་ཆེན་གྱི་རིམ་སྤེལ་བྱེད་སྒོ་ཧྲང་ཧའེ་རུ་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་དེ་ཟླ་གསུམ་པའི་བར་མུ་མཐུད་སྤེལ་རྒྱུ་ཡིན་པ་དང་། བྱེད་སྒོ་སྤེལ་རིང་། ཧོང་ཕུའུ་གཙང་པོའི་ངོགས་སུ་ལྕགས་ཞུན་མེ་ཏོག་སོགས་སྲོལ་རྒྱུན་གྱི་རིག་གནས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད། ལུགས་རྙིང་གི་རྟ་ལོའི་དཔྱིད་གསར་དུས་ཆེན་བསུ་ཆེད། ཧྲང་ཧའེ་ཡིས་དུས་སྟོན་དང་། འཁྲབ་སྟོན། འགྲེམས་སྟོན་སོགས་ཁྱོན་བྱེད་སྒོ་ཁག་2570སྤེལ་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འགྲེམས་སྟོན་བྱེད་པ་དང་ཆབས་ཅིག རིག་གནས་དང་། ཡུལ་སྐོར། ཚོང་ལས། ལུས་རྩལ། འགྲེམས་སྟོན་བཅས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ཧྲང་ཧའེ་ཡི་གྲོང་མིས་ཧྲང་ཧའེ་རུ་ལོ་གསར་གཏོང་བ་དང་ཡུལ་སྐོར་བས་ཧྲང་ཧའེ་རུ་ལོ་གསར་གཏོང་ཆེད་སྤྲོ་སྣང་དོད་པའི་རྣམ་པ་གཏོད་རྒྱུ་རེད། འདི་ནི་ཟླ་1ཚེས་31ཉིན། ཧྲང་ཧའེ་ཧོང་ཕུའུ་གཙང་པོའི་ངོགས་སུ་མངོན་མིན་རིག་གནས་ཤུལ་བཞག་ལྕགས་ཞུན་མེ་ཏོག་འཁྲབ་སྟོན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།