2025ལོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་ཏུ་དངུལ་རྩ་མིན་པའི་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་17.6%འཕར་བ།
གསར་འགོད་པར་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་རྒྱལ་གྱི་ཕྱི་ཕྱོགས་མ་འཇོག་མཉམ་ལས་འཕེལ་རྒྱས་བརྟན་པོ་བྱུང་ནས། ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1456.6ཟིན་པ་དེ་ལོ་གོང་མ་ལས་1.3%འཕར་ཡོད། ཨ་ཧྥེ་རི་ཁ་དང་། ཡོ་རོབ། ཨེ་ཤེ་ཡ་བཅས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་41%དང་། 20.9% 1.2%བཅས་སོ་སོར་འཕར་ནས། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཐོན་སྤྲོད་འཁོར་གསུམ་བརྟན་པོ་ཡོང་བར་སྐུལ་མ་ཐེབས་ཡོད་པ་རེད།
“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞབས་འདེགས་ཧུར་ཐག་ཞུས་ཤིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཁག་ཏུ་དངུལ་རྩ་མིན་པའི་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་396.7ཟིན་པ་དེ་ལོ་གོང་མ་ལས་17.6%འཕར་བ་དང་། ཕྱི་ཕྱོགས་ཀྱི་འགན་གཙང་ལས་གྲྭའི་གསར་བཞག་གན་རྒྱའི་དངུལ་ཨ་སྒོར་དུང་ཕྱུར་2579.8དང་ཚོང་གཉེར་ཡོང་འབབ་ཨ་སྒོར་དུང་ཕྱུར་1526.3ཟིན་པ་དེས་བསྡོམས་འབོར་གྱི་89.2%དང་85.4%སོ་སོར་བཟུང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་དབར་གྱི་དཔལ་འབྱོར་ཉོ་ཚོང་དང་མཉམ་ལས་འབྲེལ་བ་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོ་པོས་མཉམ་སྐྲུན་བྱེད་པར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།