དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀན་སུའུ་ཡིས་ལྗང་མདོག་གཏེར་རི་འཛུགས་སྐྲུན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    ཉེ་ཆར། ཀན་སུའུ་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་སོགས་སྡེ་ཚན་17གྱིས《ཀན་སུའུ་ཞིང་ཆེན་གྱི་ལྗང་མདོག་གཏེར་རི་འཛུགས་སྐྲུན་སྤུས་འབྲས་ལེགས་གཉེར་གྱི་ལོ་གསུམ་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་ཀན་སུའུ་ཞིང་ཆེན་གྱི་གཏེར་ལས་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།

    ཇུས་གཞིའི་ནང་བཏོན་དོན། 2028ལོའི་ལོ་མཇུག་ཏུ་སླེབས་སྐབས། ཀན་སུའུ་ཞིང་ཆེན་གྱི་ལག་ཁྱེར་ཡོད་པའི་ཐོན་སྐྱེད་བྱེད་མུས་ཀྱི་གཏེར་རི་ཆེ་གྲས་90%དང་གཏེར་རི་འབྲིང་གྲས་80%ལྗང་མདོག་གཏེར་རིའི་ཚད་གཞིར་སླེབས་པར་སྐུལ་འདེད་གཏོང་རྒྱུ་དང་། གཏེར་རི་ཆུང་གྲས་ཁག་གསར་འཛུགས་ནང་ཧུར་ཐག་ཞུགས་པར་སྐུལ་ལྕག་བྱ་རྒྱུ། རིམ་རྩིས་བརྒྱབ་ན། རིག་ནུས་ཅན་གྱི་ལྗང་མདོག་གཏེར་རི་18བསྐྲུན་ནས་གཏེར་རི་ཁག་གཅིག་ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་སྟེ། ལྗང་མདོག་གཏེར་རིའི་གྲངས་འབོར་དང་སྤུས་ཚད་གཉིས་ཀ་འཕར་བར་སྐུལ་འདེད་གཏོང་རྒྱུ་རེད།

    ཇུས་གཞིའི་ནང་བཏོན་དོན། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཁག་ལ་ཞིབ་འཇུག་གསར་སྤེལ་བྱེད་པའི་ཐད་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་བྱས་ནས། གཏེར་ལས་ཁྱབ་ཁོངས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ཁག་ལ་གནས་ཐང་འཕར་ཁྲལ་དང་ཐོན་ཁུངས་སྤྱོད་ཁྲལ་སོགས་འབྲེལ་ཡོད་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་དང་ཆབས་ཅིག མིང་ཐོར་ཚུད་པའི་གཏེར་རིས་སྤུས་ཞན་གཏེར་རྫས(གསེར་ཚུད་མེད)ཚོང་བར་ཐོན་ཁུངས་སྤྱོད་ཁྲལ་མི་བསྡུ་རྒྱུ། འགུལ་རྣམ་དོ་དམ་ནན་པོ་བྱས་ཏེ“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”ལྟར་10%ལས་མི་དམའ་བའི་འཐེན་བཤེར་ཞིབ་དཔྱད་བྱ་རྒྱུ་དང་། བྱེ་རྡོ་དང་སའི་རིགས་ཀྱི་གཏེར་རིར་ལོ་གསུམ་རེའི་ནང་ཆེད་དོན་ཡུལ་དངོས་ཞིབ་དཔྱད་བྱས་ཏེ། དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་དྲ་ཐོག་ནས་བརྒྱུད་རིམ་ཧྲིལ་པོ་དོ་དམ་ཚོད་འཛིན་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།