འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བརྡ་ཐོ་བཀྲམ་ནས་བསྟན་དོན།
གཞུང་ལམ་དང་ཆུ་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།
ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་བཀྲམ་པའི《2026ལོའི་གཞུང་ལམ་དང་ཆུ་ལམ་གྱི་དཔྱིད་གསར་སྐྱེལ་འདྲེན་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོའི》ནང་། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། རྐུབ་སྟེགས་7བྱས་པ་དང་དེ་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་འགྲོ་སྐྱོད་འགྲོ་གྲོན་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས་པ་མ་ཟད། “ཁུལ་རེར་སྲིད་ཇུས་རེའི”ཐོག་ནས་དམིགས་བསལ་ལས་བྲེལ་ཆེ་བའི་ཞབས་ཞུའི་ཁུལ་གྱི་གློག་གསོག་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད།
བརྡ་ཐོའི་ནང་། སློབ་མ་སློབ་གྲྭ་ནས་ཁ་བྲལ་བ་དང་སློབ་གྲྭར་ལོག་པ་དང་། ཞིང་པ་ལས་མི་ཕ་ཡུལ་དུ་ལོག་པ་དང་ལས་གནས་སུ་ལོག་པ་སོགས་ཚོགས་སྤྱིའི་གཅིག་སྡུད་ཕྱིར་སྐྱོད་ཞབས་ཞུ་འགན་ལེན་གྱི་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱེད་དགོས་པ་དང་། ཀྲོའུ་ཧྲན་གླིང་ཚོམ་དང་ཆུང་ཀྲོའུ་མཚོ་འགག་སོགས་ཆུ་ལམ་གཙོ་བོའི་སྐྱེལ་འདྲེན་སྒྲིག་འཛུགས་དང་ཕྱིར་སྐྱོད་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། བོགས་གཏོང་རླངས་འཁོར་མང་དུ་བཏང་ནས“གཏའ་མ་འཇོག་མི་དགོས་པར་རླངས་འཁོར་གླ་བ”དང་། “ཡུལ་གཞན་ནས་རླངས་འཁོར་ཕྱིར་སློག་པ”“མྱུར་བགྲོད་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ། དམིགས་སར་འབྱོར་འཕྲལ་རླངས་འཁོར་གླ་བ་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་དམངས་ཕན་ཞབས་འདེགས་ཞུ་དགོས་པའི་ནན་བཤད་བྱས་ཡོད།
བརྡ་ཐོའི་ནང་། དཔྱིད་གསར་སྐྱེལ་འདྲེན་དང་དཔྱིད་གསར་དུས་ཆེན་རིང་ནུས་རྒྱུ་དང་། བཟའ་འབྲུ། དམངས་འཚོ། སྨན་བཅོས་སོགས་ཀྱི་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་ལ་འགན་ལེན་ཡག་པོ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲུལ་སྡེབ་སྐྱེལ་བྱེད་མཁན་དང་སྐྱེལ་འདྲེན་བྱེད་ཤུགས་གྲབས་གསོག་ལ་ཤུགས་སྣོན་དང་། འཕྲལ་སྡོམ་སྡེབ་སྐྱེལ་འགན་ལེན་སྔོན་ཇུས་བཟོས་ནས་དཔྱིད་གསར་སྐྱེལ་འདྲེན་དང་དཔྱིད་གསར་དུས་ཆེན་རིང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཟོག་འགྲུལ་ཞབས་ཞུ་འགན་ལེན་ཏན་ཏིག་བྱེད་དགོས་ཚུལ་ཁ་གསལ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།