དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅང་སུའུ་ཡི་2025ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་14ལས་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    ཉེ་ཆར། གསར་འགོད་པར་ཅང་སུའུ་ཞིང་ཆེན་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར་ཅང་སུའུ་ཡི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་142351.5ཟིན་ནས་ལོ་གོང་མ་ལས་5.3%འཕར་ཞིང་། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་5369.7ཟིན་ནས་དུས་མཚུངས་ལས་3.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་60038.2ཟིན་ནས་དུས་མཚུངས་ལས་4.7%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་76943.7ཟིན་ནས་དུས་མཚུངས་ལས་5.8%འཕར་ཡོད་པ་རེད།

    2025ལོར་ཞིང་ཆེན་དེ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.5%འཕར་ཞིང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.8%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་འཕར་སྣོན་ལ་ལེགས་སྐྱེས་ཕུལ་ཚད་74.6%ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་13.4མཐོ་རུ་ཕྱིན་ཡོད། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཅུང་མགྱོགས་མྱུར་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་སྐྱེད་རིན་ཐང་གི་52.1%བཟུང་བ་དེ་ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་ཡོད། གཞི་ཁྱོན་ཡན་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་11.9%འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་བརྒྱ་ཆའི་གྲངས་2.8འཕར་བར་སྐུལ་ཁྲིད་ཐེབས་ཡོད་པ་རེད།

    གཞན་ཡང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་46394.2ཟིན་ནས་དུས་མཚུངས་ལས་3.3%འཕར་བའི་ནང་། ལྗང་མདོག་རིག་ནུས་རྣམ་པའི་ཚོང་ཟོག་འཕར་ཚད་ཅུང་ཡག་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།