དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བའི་གྲ་སྒྲིག་ཨང་གསར་བྱེད་པ།

འདི་ནི་དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་དང་བསྟུན་ནས། ཉེ་ཆར་འགྲུལ་པས་ཁེངས་པའི་སྤྱི་ཕན་མེ་འཁོར་ཐེངས་4182པ་ནགས་ཚལ་དང་ཁ་བས་བཀླུབས་པའི་ཡུལ་ལུང་བརྒལ་ཏེ། འགྲུལ་པ་རྣམས་གཉེན་ཉེ་སྤུན་གྲོགས་མཉམ་འཛོམས་དང་། གངས་འཁྱགས་ཀྱི་རོལ་རྩེད་མྱོང་རོལ། ཡུལ་སྐོར་བཅས་བྱེད་པར་བསྐྱལ་ཡོད། དུས་གཏན་མེ་འཁོར་དེ་ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་གཏོང་གི་ཡོད་ཅིང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་523ཡོད་པ་དང་སྤ་སེའི་རིན་གོང་དམའ་ཤོས་སྒོར་ཁ་ཤས་ལས་མི་དགོས་པས། ལམ་རྒྱུད་ས་ཁུལ་གྱི་མང་ཚོགས་འགྲུལ་བཞུད་བྱེད་པར་སྟབས་བདེ་བསྐྲུན་ཡོད།

འདི་ནི་ཟླ་1ཚེས་30ཉིན་གྱི་ཐོ་རེངས་སུ། པེ་ཅིང་ལྷོ་ཚུགས་ཅིང་ཅིན་གྲོང་ཁྱེར་དབར་གྱི་ལམ་ཐིག་ཐོག་ལྕགས་ལམ་ལས་དོན་པས་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲུལ་བཞུད་སྐྱིད་སྣང་དོད་པ་དང་བདེ་འཇགས་ཡོང་བའི་འགན་ལེན་བྱེད་བཞིན་པ།
2026ལོའི་དཔྱིད་གསར་སྐྱེལ་འདྲེན་ཟླ་2ཚེས་2ཉིན་ནས་འགོ་ཚུགས་ཏེ་ཟླ་3ཚེས་13ཉིན་མཇུག་འགྲིལ་རྒྱུ་ཡིན་ཞིང་། དུས་ཡུན་ཉིན་40ཡིན་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དཔྱིད་གསར་སྐྱེལ་འདྲེན་ལ་ཞབས་འདེགས་ཞུ་བའི་གྲ་སྒྲིག་ཨང་གསར་བྱེད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་འགྲུལ་བཞུད་ཀྱི་དགོས་མཁོ་དེ་བས་ཡག་པོ་བསྐང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།