དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བར་ང་ཚོས་གང་ཞིག་སྒྲུབ་ཐུབ་པའི”སྐོར་གྱི་གྲལ་སྒོར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》ལག་བསྟར་བྱེད་ཉེར་ཡོད་པའི་སྐབས་སུ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་རྒྱལ་ཡོངས་དྲིལ་བསྒྲགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་རིག་དཔལ་གྱི་སྤྱི་ཚོགས་དེ་བས་ལེགས་པའི་སྒོ་ནས་འཛུགས་སྐྱོང་བྱ་ཆེད། ཟླ་1ཚེས་28ཉིན།“དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བར་ང་ཚོས་གང་ཞིག་སྒྲུབ་ཐུབ་པའི”སྐོར་གྱི་གྲལ་སྒོར་ཚོགས་འདུ་མི་དམངས་ཉིན་རེའི་ཚགས་པར་ཁང་དུ་འཚོགས་པ་རེད།

    ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། དཔེ་ཀློག་ནི་ཆེས་གཞི་རྩའི་རིག་གནས་འཛུགས་སྐྱོང་ཞིག་ཡིན་པ་དང་། 《དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག》དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་དེས་རིག་དཔལ་གྱི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་ཐུབ་རྒྱུ་རེད། དམངས་ཡོངས་ཀྱི་དཔེ་ཀློག་གི་བྱེད་སྒོ་སྤེལ་རྒྱུ་དེ་ཡུན་རིང་མཐའ་འཁྱོངས་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་ལ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་དུས་ཐུང་ནང་ཚད་བརྒལ་ཡོང་བར་བྱེད་དགོས་པ་དང་། ཤོག་ངོས་དཔེ་དེབ་ལྟ་ཀློག་གི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་པས་ངེས་ཤུགས་རྒྱུན་འཁྱོངས་བྱས་ནས་ཐབས་བཟང་གསོས་སུ་སྨིན་པར་བྱེད་དགོས། བརྙན་ཐུང་སོགས་སྨྱན་སྦྱོར་གསར་པའི་ནུས་པ་འདོན་སྤེལ་བྱས་ཏེ“གསར་རྩོམ་བྱེད་ཐབས”གསར་གཏོད་ཀྱིས་དམངས་ཚོགས་ཀྱི་དཔེ་ཀློག་ལ་རྨང་གཞི་ཡག་པོ་ཞིག་བཏིང་ནས་དཔེ་ཀློག་གི་ཐོབ་སྣང་ཆེ་རུ་གཏོང་དགོས། དྲ་སྦྲེལ་གྱི་མཐུན་རྐྱེན་འོག་དཔེ་དེབ་ཀློག་རྒྱུར་དགའ་བ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་མཁས་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་དེ་མི་དམངས་མང་ཚོགས་ཀྱི་དཔེ་ཀློག་གི་དགོས་མཁོ་སྐོང་དགོས་པ་དང་། དཔེ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། ནང་དོན་སྤུས་ལེགས་མཁོ་འདོན་བྱེད་པ། བརྒྱུད་སྤེལ་བྱེད་ཐབས་གསར་གཏོད་བྱེད་པ། དཔེ་ཀློག་གི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་སོགས་ཐད་རྒྱུན་མཐུད་ཤུགས་རྒྱག་དགོས་ཞེས་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།