2025ལོར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་290752ཞིབ་བཤེར་ཐག་གཅོད་བྱས་པ།
ཉེ་ཆར། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་2025ལོའི་ཟླ་12པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱོགས་བསྡུས་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་དེར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་39236ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་48770ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ཁྲོད་ནས་མི་36441ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད། 2025ལོར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་290752ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་375604ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་པའི་ཁྲོད་ནས་མི་261788ལ་ཏང་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་པ་རེད།
ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ནས་བལྟས་ཚེ། 2025ལོར་འགན་འཁྲི་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ཐད་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པར། མི་དགོས་པའི་ལས་རྙོག་བཟོ་བ། ཕྱི་ཚུལ་ཙམ་བྱེད་པ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་བཟོས་པའི་ཐད་ཀྱི་གནད་དོན་ཁག་119418ཞིབ་བཤེར་ཐག་གཅོད་བྱས་པ་དེས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་བསྡོམས་འབོར་གྱི་84.7%བཟུང་ཡོད། སྒྲིག་འགལ་ངང་གྲགས་ཅན་ཡུལ་ཟོག་དང་ལག་རྟགས་དང་འབུལ་རྟེན་དངུལ་སྤྲོད་ལེན་དང་། སྒྲིག་འགལ་ངང་ཟ་འཐུང་། སྒྲིག་འགལ་ངང་ཕོགས་སྣོན་ཁ་གསབ་བམ་ཕན་བདེ་སྤྲོད་པའི་གནད་དོན་རིགས་གསུམ་ཞིབ་བཤེར་ཐག་གཅོད་བྱས་པ་དེས་2025ལོར་ཞིབ་བཤེར་ཐག་གཅོད་བྱས་པའི་སྐྱིད་འདོད་རིང་ལུགས་དང་བག་མེད་ལོངས་སྤྱོད་ཀྱི་གནད་དོན་བསྡོམས་འབོར་གྱི་54.5%དང་། 22.3% 12.1%བཅས་ཁག་སོ་སོར་བཟུང་ཡོད།
ཞིབ་བཤེར་ཐག་གཅོད་བྱས་པའི་གོ་གནས་རིམ་པ་དབྱེ་ནས་བལྟས་ཚེ། 2025ལོར་རྒྱལ་ཡོངས་ནས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་18དང་། ས་གནས་དང་ཐིང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་1196 རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་16368 ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་འགོ་ཁྲིད་ལས་བྱེད་པའི་གནད་དོན་ཁག་273170བཅས་ཞིབ་བཤེར་ཐག་གཅོད་བྱས་ཡོད། དེའི་ནང་ཤང་དང་ཁོའོ་རིམ་པ་དང་དེ་མན་གྱི་ལས་བྱེད་པའི་གནད་དོན་གྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་བསྡོམས་འབོར་གྱི་94.0%བཟུང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།