ཀྲེ་ཅང་དབུན་ཀྲོའུ་རུ“མཚོ་ཐོག་ཚལ་ཞིང”ནས་སྨུག་ཚལ་བསྡུ་བར་བྲེལ།

ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་དབུན་ཀྲོའུ་ལེ་ཆིང་མཚོ་ཁུག་གཏིང་ཐུང་རྒྱ་མཚོའི་མཚོ་ཁོངས་སུ་ཚད་གཞི་མཐོ་བའི་སྨུག་ཚལ་གསོ་སྤེལ་དཔེ་སྟོན་རྟེན་གཞི་བསྐྲུན་པ་དང་། རིག་ནུས་ཅན་གྱི་གསོ་སྤེལ་སྒྲིག་ཆས་ནང་འདྲེན་བྱས་པ། སྣེ་འདྲེན་ཁེ་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། “ས་བོན་གསོ་སྤེལ་དང་། མཚོ་ཐོག་གསོ་སྤེལ། ལས་སྣོན་ཞིབ་ཚགས། ཁྲོམ་རར་ཕྱིར་ཚོང”བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཆ་ཚང་ཞིག་རིམ་བཞིན་གྲུབ་ཡོད་ཅིང་། འདི་ནི་སྨུག་ཚལ་གསོ་སྤེལ་བས་སྨུག་ཚལ་བསྡུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།