དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་ཁེ་ལས་ཀྱིས་མོ་རོ་ཁོར་མྱུར་བགྲོད་ལྕགས་ལམ་སྐྲུན་རོགས་བྱེད་པར་དགའ་བསུ་ཞུ་གི་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཀྲེ་ཝུན།   |     སྤེལ་དུས།  2026-02-03

    འདི་ནི་མོ་རོ་ཁོའི་མྱུར་བགྲོད་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་ཀྱི་དུམ་མཚམས་དགུ་པའི་ཏིར་ཟམ་ཨང་གསུམ་པར་ལུགས་རྒྱག་བཞིན་པ།

    མོ་རོ་ཁོ་ནི་ཨ་ཧྥེ་རི་ཁའི་ཁུལ་དུ་མྱུར་བགྲོད་ལྕགས་ལམ་ཡོད་པའི་རྒྱལ་ཁབ་ཐོག་མ་དེ་རེད། 2018ལོར། སྤྱི་ལེ་200ཡི་མྱུར་བགྲོད་ལྕགས་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས། མོ་རོ་ཁོ་དེ་ཉིད་མྱུར་བགྲོད་ལྕགས་ལམ་གྱི་དུས་རབས་སུ་སླེབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་ཡུལ་སྐོར་ཐོན་ལས་རིམ་སྤོར་བཅས་ལ་རྨང་གཞི་གལ་ཆེན་བཏིང་ཡོད། ཀྲུང་གོ་གློག་སྐྲུན་ཆུ་གློག་ཅུས་ལྔ་པ་དང་ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པ་སོགས་ཀྲུང་གོའི་མ་འཇོག་ཁེ་ལས་མྱུར་བགྲོད་ལྕགས་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་པར་མོ་རོ་ཁོའི་ལས་རིགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ་པ་མ་ཟད། དུས་ཐེངས་གཉིས་པའི་རྣམ་གྲངས་མཉམ་ལས་ལ་རྨང་གཞི་བཟང་པོ་ཞིག་བཏིང་ཡོད།

    རིང་ཚད་ལ་སྤྱི་ལེ་430དང་མྱུར་ཚད་སྤྱི་ལེ་350ཟིན་པའི་མྱུར་བགྲོད་ལྕགས་ལམ་གྱི་དུས་ཐེངས་གཉིས་པའི་ལམ་ཐིག་དང་དུས་ཐེངས་དང་པོའི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་སྦྲེལ་མཐུད་ཐུབ་པ་དེས་ལཱ་པཱ་ཐེ་དང་། གྲོང་ཁྱེར་ཆེ་ཤོས་ཁཱ་སཱ་པུའུ་ལན་ཁ། ལྷོ་རྒྱུད་གནའ་གྲོང་མཱ་ལཱ་ཁཱ་ཧྲི་སོགས་སྦྲེལ་མཐུད་ཐུབ་ནས་2030ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་འགྲིམ་འགྲུལ་ལ་འགན་ལེན་བྱ་རྒྱུ་རེད།

    ས་གནས་དེ་གའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། གསར་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ལམ་ཐིག་གིས་མོ་རོ་ཁོ་ཡི་མི་འབོར་59%ལ་ཞབས་འདེགས་ཞུ་རྒྱུ་དང་འབྲེལ་མཐུད་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་འབོར་གྱིས་རྒྱལ་ཡོངས་ཀྱི་2/3ཡན་བཟུང་རྒྱུ་མ་ཟད། ད་དུང་ཐད་ཀར་རམ་ཤུགས་སུ་ལས་ཞུགས་ལས་གནས་ཆིག་སྟོང་ཙམ་མཁོ་འདོན་ཐུབ་སྟེ། བཟོ་ལས་དང་ཞབས་ཞུའི་ལས་རིགས་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།