དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2026ལོའི་ཕྱི་རྒྱལ་གྱི་གསར་འགོད་པའི་དཔྱིད་གསར་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    ཉིན་ཤས་གོང་། ཕྱི་འབྲེལ་པུའུ་དང་པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་པེ་ཅིང་སྒྱུ་རྩལ་ལྟེ་གནས་སུ་2026ལོའི་ཕྱི་རྒྱལ་གྱི་གསར་འགོད་པའི་དཔྱིད་གསར་སྣེ་ལེན་ཚོགས་འདུ་མཉམ་དུ་འཚོགས་ཤིང་། ཕྱི་འབྲེལ་པུའི་པུའུ་ཀྲང་གི་ལས་རོགས་ཧུང་ལེ་ཚོགས་འདུར་ཞུགས་ནས་ཤིས་ཚིགས་བསྒྲོན་པ་རེད། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཁོང་ཚོའི་ནང་མི་དང་། ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཁང་གི་གསར་འགྱུར་དཔོན། འབྲེལ་ཡོད་པུའུ་ཨུད་ཀྱི་མགྲིན་ཚབ་པ། རྒྱལ་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་། སྨྱན་སྦྱོར་འཐུས་མི་བཅས་མི་700ལྷག་ཙམ་སྣེ་ལེན་ཚོགས་འདུར་ཞུགས་ཡོད་པ་རེད།

    ཧུང་ལེ་ཡིས། 2025ལོ་ནི་ཧ་ཅང་སྤྱིར་བཏང་མ་ཡིན་པའི་ལོ་ཞིག་ཡིན་ཞིང་། ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བ་དང་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད། གོ་ལ་ཧྲིལ་པོའི་འགྲན་སློང་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་གྱི་འདུ་ཤེས་མཐའ་འཁྱོངས་ཀྱིས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བརྟན་པོར་ལངས་ཡོད། ཀྲུང་གོས་རང་ངོས་ཀྱི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་མཁོ་འདོན་དང་། རང་ངོས་ཀྱི་སྒོ་དབྱེ་ལ་བརྟེན་ནས་འཛམ་གླིང་ལ་གོ་སྐབས་གསར་པ་མཁོ་འདོན། རང་ངོས་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་དང་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་མ་གཏོང་བ་བཅས་བྱས་ཡོད། 2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་མི་རིགས་བསྐྱར་དར་ཆེད་རྣམ་པ་གསར་པ་གཏོད་རྒྱུ་དང་མིའི་རིགས་ཀྱི་བདེ་རྩའི་ཆེད་ལེའུ་གསར་པ་རྩོམ་རྒྱུ་ཡིན། ཞི་བདེ་སྲུང་སྐྱོང་དང་། མཉམ་ལས་ལ་སྐུལ་འདེད། འགྱུར་བབ་གདོང་ལེན། དྲང་བདེན་མཐའ་འཁྱོངས་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན། ཕྱི་རྒྱལ་གྱི་གསར་འགོད་པ་ནི་ཀྲུང་གོ་དང་འཛམ་གླིང་དབར་གྱི་འབྲེལ་ཐག་ལྟ་བུ་ཞིག་ཡིན་པས། ཀྲུང་ཕྱིའི་སྦྲེལ་མཐུད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཚང་མས་ལུགས་མཐུན་དྲང་གཞག་གི་ལྟ་སྟངས་དང་གཏིང་ཟབ་ལ་ཆེད་ལས་ཀྱི་འཕྲིན་སྤེལ་ལ་བརྟེན་ནས། འཛམ་གླིང་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཏམ་རྒྱུད་དང་། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་དབར་གྱི་གཉིས་ཁེ་གཉིས་ཕན་དང་། ཐུན་མོང་འཕེལ་རྒྱས། ལས་དབང་གཅིག་མཐུན་བཅས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་དེ། ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།