དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་2026ལོའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་ཀྱི་དཔྱིད་གསར་གྱི་མཐུན་འབྲེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-03

    རྟ་ལོའི་དཔྱིད་གསར་དུས་ཆེན་སླེབས་ཉེའི་སྐབས་སུ། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་པེ་ཅིང་དུ་2026ལོའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགྱུར་ལས་རིགས་ཀྱི་དཔྱིད་གསར་གྱི་མཐུན་འབྲེལ་ཚོགས་འདུ་འཚོགས་ཤིང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧོ་ཕིང་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་དང་། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱི་ལས་འཛིན་ཚན་པ་མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་སོགས་སྨྱན་སྦྱོར་གྱི་འགན་འཁུར་བ་ཚོགས་འདུར་ཞུགས་པ་རེད། ཀྲུང་གོ་དང་། ཨ་རི། འཇར་མན། ཀེ་རི་སེ། པེར་ཀྲེམ། རི་པིན། ཧན་གོ ཝེ་ཐེ་ནམ་སོགས་རྒྱལ་ཁབ་ཁག་ནས་ཡོང་བའི་གསར་འགོད་པ་དང་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་དཔོན་རིགས་200ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

    མཐུན་འབྲེལ་ཚོགས་འདུ་འཚོག་ཡུལ་དུ་སྤྲོ་སྣང་གིས་ཁེངས་ཤིང་། ཚོགས་འདུའི་རྣམ་པ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ལྒང་བཞུ་དམར་པོ་དང་། དར་གོས་དམར་པོ། ཀྲུང་གོའི་མདུད་པ་བཅས་ལས་ལོ་གསར་གྱི་རྣམ་པ་ཟབ་མོ་མངོན་པ་དང་། མོག་མོག་དང་། སྲན་སེར། པད་མའི་ལོ་མའི་བག་ལེབ་སོགས་ཁྱད་ལྡན་སིལ་ཟས་ལས་ཀྲུང་ཧྭའི་སྲོལ་རྒྱུན་ཞིམ་ཟས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། ཕྱི་རྒྱལ་གྱི་གསར་འགོད་པ་མི་ཉུང་བ་ཞིག་གིས་ས་ཡུལ་དངོས་སུ་“ཚོན་ཁྲ་ཅན་གྱི་རྟ”བཟོ་སྟངས་ཉམས་ལེན་བྱས་ཏེ། དབྱིངས་ཞུགས་རྣམ་པའི་ཐོག་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟབ་མོ་མྱོང་ཚོར་བྱས་ནས། འཆར་ལ་ཉེ་བའི་རྟ་ལོའི་དཔྱིད་གསར་དུས་ཆེན་ལ་རྣམ་པ་ཟབ་མོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།