དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན།

    (2026ལོའི་ཟླ་2ཚེས་2ཉིན་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-03

    སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོག་རིང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་ཁག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བཅས་བྱས་ནས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ཐབས་འདོན་ཇུས་འབུལ་ཧུར་ཐག་གནང་ཡོད།

    ཚོགས་འདུའི་རིང་ཁྱོན་གྲོས་གཞི་ཁག་479འབྱོར་བ་དང་།《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་གཞིའི་ལས་དོན་སྲོལ་ཡིག》གཞིར་བཟུང་། ཞིབ་བཤེར་བྱས་པ་བརྒྱུད། ཁྱོན་གྲོས་གཞི་ཁག་460སྒྲུབ་ཁོངས་སུ་བཅུག་པ་དང་། གྲོས་གཞི་ཁག་19བསམ་འཆར་དང་གྲོས་འགོར་བསྒྱུར་ཡོད། རིགས་ཁོངས་ཁག་གི་ཨུ་ཡོན་ཚོས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པའི་ཐབས་ཇུས་དམིགས་ཚད་ལ་དམ་པོར་དམིགས་ནས། གྲོས་གཞི་བཏོན་གནང་ཡོད་པ་དེའི་ཁྲོད་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུའི་ཐད་གྲོས་གཞི་ཁག་54བཏོན་ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་11.74%བཟུང་ཡོད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་རྒྱུའི་ཐད་གྲོས་གཞི་ཁག་378བཏོན་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་82.17%བཟུང་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་འཛུགས་གཏོད་ཐད་གྲོས་གཞི་ཁག་19བཏོན་ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་4.13%བཟུང་ཡོད། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ཐད་གྲོས་གཞི་ཁག་9བཏོན་ཡོད་པ་དེས་གྲོས་གཞིའི་སྤྱི་འབོར་གྱི་1.96%བཟུང་ཡོད།

    ད་ཐེངས་ཀྱི་ཚོགས་འདུའི་གྲོས་གཞིར་གཤམ་གསལ་གྱི་ཁྱད་ཆོས་ཁག་ཡོད་པ་སྟེ། གཅིག་ནི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ། མི་དམངས་སྲིད་གྲོས་ལས་ཀའི་གཙོ་དོན་གྱི་གཙོ་རྐང་དང་ལྟེ་བའི་ལྷུ་ཚིགས་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་རྒྱུར་དམ་པོར་དམིགས་ཏེ། “དོན་འཁྱོལ་བྱེད་པ”དང“གོང་བུ་གཅིག་ཏུ་སྒྲིལ་བའི”ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས། ཆབ་སྲིད་ཀྱི་སྟོན་ཕྱོགས་ཁ་གསལ་བ་དང་། ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཐབས་འདོན་ཇུས་འབུལ་བྱས་ཡོད། གཉིས་ནི་སྤྱི་ཡོངས་སྟངས་འཛིན་གནད་ལ་འཁེལ་བ། ལྟེ་བར་ཞབས་ཞུ་སྒྲུབ་པའི་སྤྱི་ཡོངས་ལ་དམ་པོར་དམིགས་རྒྱུ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་འཛུགས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་སྐྱོང་། མཐའ་སྟོབས་མཐའ་བརྟན་མཐའ་དར་ལ་ཤུགས་སྣོན། དམངས་འཚོ་འགན་སྲུང་དང་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་། དོན་འཁྱོལ་ཐུབ་པ། འཕེལ་རྒྱས་ལ་སྐུལ་འདེད་ཐེབས་པའི་སྤུས་ཚད་མཐོ་བའི་གྲོས་གཞི་བཏོན་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དོན་འཁྱོལ་བྱེད་རྒྱུར་སྲིད་དོན་ཇུས་འབུལ་གནད་སྨིན་ཐུབ་ཡོད། གསུམ་ནི་བསམ་འཆར་དང་གྲོས་འགོ་དངོས་ཡོད་ཡིན་པ། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། བཤད་པའི་གནས་ཚུལ་བདེན་པ་བདེན་ཐུབ་ཡིན་པ་དང་། གྲངས་གཞིའི་འདེགས་སྐྱོར་ནུས་ལྡན་ཡིན་པ། བཏོན་པའི་གྲོས་འགོར་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་ཡོད་པས། གྲོས་གཞིའི་སྤུས་ཚད་གཙོ་བོ་ཡིན་པའི་བླང་བྱ་གང་ལེགས་མངོན་ཡོད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད། བཞི་ནི་འགན་སྒྲུབ་ནུས་པ་ཆེ་བ། ཆེད་ལས་ཀྱི་ལེགས་ཆར་གཞི་ཚུགས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ་བཅས་ལས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་དོན་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་དོན་དུ་འགན་འཁྲི་འཁུར་བའི་ཐེག་པ་ཁུར་ལེན་གང་ལེགས་མངོན་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ལ་ཁྱོན་ཨུ་ཡོན་428ཡོད་པའི་ཁྲོད་ནས་ཨུ་ཡོན་334ཡིས་གྲོས་གཞི་ཕུལ་ཡོད་པ་དེ་ཨུ་ཡོན་སྤྱིའི་མི་གྲངས་ཀྱི་78.04%བཟུང་ཡོད།

    ཚོགས་ཆེན་གྲོལ་རྗེས། གྲོས་གཞི་དེ་དག་སྒྲུབ་གཉེར་ཚན་པར་སྒྲུབ་གཉེར་བྱ་རྒྱུར་འབུལ་རྒྱུ་ཡིན་ཞིང་། གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་སྒྲུབ་གཉེར་ཚན་པ་ཁག་ལ་གཞོགས་འདེགས་དམ་ཟབ་བྱས་ནས་སྒྲུབ་སྐུལ་དང་ཞབས་ཞུ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།