དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་རྒྱལ་ཁའི་ངང་གྲོལ་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-02-02

    དེ་རིང་ཕྱི་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།  

    “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ཚོགས་འདུ་གཟབ་རྒྱས་ཤིག་ཡིན་པས། ཚོགས་འདུར་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལག་ལེན་ལ་སྲིད་གྲོས་ཀྱི་སྟོབས་ཤུཌ་ཆེན་པོ་བསྣན་ཡོད།

    མཇུག་འགྲིལ་ཚོགས་འདུའི་པར་རིས་བདམས་བཀོད།

    ↓↓↓





    ཚོགས་འདུའི་རིང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་བ་དང་འགན་འཁྲི་ནན་ཏན་བསྒྲུབས་ནས། ཐོག་མཐའ་བར་གསུམ་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ་དང་། ཐོན་ལས་རིམ་སྤོར་དང་། དམངས་འཚོ་འགན་སྲུང་། སྐྱེ་ཁམས་བདེ་འཇགས། མཐའ་བརྟན་མཐའ་དར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས། འབྲོག་པས་དོ་ཁུར་བྱེད་པའི་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་། ཤིང་འབྲས་འདེབས་མཁན་གྱིས་སེམས་ཁྲལ་བྱེད་པའི་ཁྱད་ལྡན་ཞིང་ཟོག་གི་བྲིན་འཚོང་ཐབས་ལམ། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གཞི་རིམ་གྱི་སྨན་བཅོས་ལེགས་སུ་གཏོང་བ། མཐའ་མཚམས་ས་ཁུལ་གྱིས་དོ་ཁུར་བྱེད་པའི་འཛུགས་སྐྲུན་འཕེལ་རྒྱས་སོགས་ཀྱི་བྱ་བ་དངོས་གྲོས་གཞིར་བཅུག་སྟེ། སྲིད་ཞུགས་སྲིད་གླེང་གཏིང་ཟབ་དང་ཐབས་འདོན་ཇུས་འབུལ་གནད་སྨིན་གནང་ནས། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་པའི་འགན་འཁྲི་གང་ལེགས་མངོན་པར་བྱས་ཡོད།

    ད་ཐེངས་ཀྱི་ཚོགས་ཆེན་ལ། ཁྱོན་གྲོས་གཞི་479འབྱོར་བ་དང་། ཞིབ་དཔྱད་བྱས་ཏེ་གྲོས་གཞི་460སྒྲུབ་ཁོངས་སུ་བཅུག་ཅིང་། གྲོས་གཞི་རེ་རེ་ལས་ས་མཐོའི་སྐྱིད་ཉམས་རབ་ཏུ་མངོན་པ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་འདུས་ཡོད།

    ཚོགས་འདུ་འཚོག་རིང་གི་པར་རིས་བདམས་བཀོད།

    ↓↓↓















    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།