དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ནི་རྒྱང་རིང་གློག་གཏོང་ལག་རྩལ་ཐད་ཀྱི་སྣེ་ཁྲིད་པ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-02

    འདི་ནི་ཉེ་ཆར་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅི་ཧྲན་ཆན་ཧྥུའུ་500ཡི་གློག་སྒྱུར་ས་ཚུགས་སུ། རྒྱལ་ཁབ་གློག་དྲ་ཁྲེང་ཏུའུ་གློག་འདོན་ཀུང་སིའི་ལས་བཟོ་བས་མི་མེད་གནམ་གྲུར་བརྟེན་ནས་སྐོར་ཞིབ་དང་མེ་ཟོན་སྒྲིག་བཀོད་ལ་ཞིབ་བཤེར་སོགས་བྱེད་བཞིན་པ།(ཁྲེན་ཧུང་མེས་པར་བརྒྱབ)

    ཀྲུང་གོར་གློག་སྒྱུར་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུ་ནི་གལ་འགངས་ཆེན་པོ་རེད། རླུང་ཤུགས་གློག་འདོན་ར་བ་དང་། འོད་ཤུགས་གློག་འདོན་ར་བ། ཆུ་ཤུགས་གློག་འདོན་ས་ཚིགས་བཅས་ཆེ་གྲས་རིགས་ཕལ་ཆེ་བ་ནུབ་རྒྱུད་དམ་ཡང་ན་ནུབ་བྱང་རྒྱུད་ཀྱི་ཐག་རིང་རི་ཁུལ་དང་མྱ་ངམ་ཐང་དུ་ཡོད། མི་འབོར་མང་བའི་གྲོང་ཁྱེར་ཆེན་པོ་དང་བཟོ་གྲྭ་ནི་ཤར་རྒྱུད་དང་ཤར་ལྷོའི་རྒྱུད་ཀྱི་མཚོ་འགྲམ་ས་ཆར་གནས་ཡོད། གལ་སྲིད་སྤྱི་ལེ་སྟོང་ཕྲག་མང་པོའི་སར་གློག་ཤུགས་གཏོང་བའི་གློག་དྲ་མེད་ན། ཀྲུང་གོའི་བསྐྱར་སྤྱོད་ནུས་རྒྱུ་དེ་ཚད་མཐོའི་བཟོ་ལས་ཅན་གྱི་གློག་སྤྱོད་ལྟེ་གནས་སུ་སླེབས་ཐབས་མེད།

    འདས་ཟིན་པའི་ལོ་ངོ་བཅུ་ཡི་རིང་། ཀྲུང་གོའི་གློག་དྲ་རྒྱས་སྐྲུན་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་སུམ་ཆ་གཅིག་ཡན་ཟིན་གྱི་ཡོད། དེའི་ཁྲོད་ཆེས་མཐོ་གནོན་ཐད་རྒྱུག་གློག་རྒྱུན་ལག་རྩལ་ནི་སྐད་གྲགས་མེད་པར་གསར་བརྗེ་བྱས་པ་ལས་བྱུང་བ་ཡིན། ལག་རྩལ་དེས་ཟད་གྲོན་ཆུང་ཤོས་ཐོག་ནས་སྤྱི་ལེ་སྟོང་ཕྲག་དུ་མའི་སར་གློག་ཤུགས་གཏོང་ཐུབ་ཀྱི་ཡོད།

    —— འཇར་མན་གྱི《ཚོང་དོན་ཚགས་པར》གྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།