“ཀྲུང་གོས་ང་ཚོ་ནང་ཚགས་ལ་བརྩི་གི་འདུག”

འདི་ནི་ལིའུ་ཀྲེང་ཤིས་ཀྱིས་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་དུ་ཀྲུང་གོའི་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཉམས་ལེན་བྱེད་བཞིན་པ། (བཅར་འདྲི་དང་ལེན་པས་པར་རིས་མཁོ་འདོན་བྱས)

འདི་ནི་ལིའུ་ཀྲེང་ཤིས་ཀྱིས་ཧའེ་ནན་ཞིང་ཆེན་ཏན་ཀྲོའུ་གྲོང་ཁྱེར་དུ་ལི་རིགས་ཀྱི་རིག་གནས་ཉམས་ལེན་བྱེད་བཞིན་པ།(བཅར་འདྲི་དང་ལེན་པས་པར་རིས་མཁོ་འདོན་བྱས)

འདི་ནི་2025ལོའི་ཟླ་12པར། ལིའུ་ཀྲེང་ཤིས་རླངས་འཁོར་ལ་བསྡད་དེ་ཡན་ཅའོ་ནས་པེ་ཅིང་དུ་སྐྱོད་སྐབས་ཞིབ་བཤེར་ས་ཚིགས་སུ་ཞིབ་བཤེར་དང་ལེན་བྱེད་བཞིན་པ། (《གོ་ལ་ཧྲིལ་པོའི་མི་སྣའི》གསར་འགོད་པ་ཁྲེན་ཧའོ་ཡིས་པར་བརྒྱབ)
ལིའུ་ཀྲེང་ཤིས་ཀྲུང་གོར་གཞིས་ཆགས་ནས་ལོ་7སོང་ཞིང་། ཁོང་གིས་རྟག་ཏུ“ང་ནི་ཕྱི་རྒྱལ་བ་ཞིག་ཡིན་ཡང་ཕྱི་མི་མིན”ཞེས་བརྗོད་ཀྱི་ཡོད། ལོ་བདུན་རིང་། ཁོང་གིས་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་གྱི་སྙན་སྒྲོན་གཙོ་སྐྱོང་ཆེད་ལས་ཀྱི་རབ་འབྱམས་པའི་བསླབ་གནས་བླངས་ནས་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཞིག་ཏུ་གྱུར་པ་མ་ཟད། ཀྲུང་གོའི་མག་པར་གྱུར་ནས་ཡན་ཅའོ་རུ་ཁང་པའང་ཉོས་ཡོད། ཁོང་ཉིན་ལྟར་ཡན་ཅའོ་དང་པེ་ཅིང་བར་ཕར་འགྲོ་ཚུར་འོང་བྱས་ནས་ཡན་ཅའོ་ཡི་ལས་ཞུགས་པ་དང་འདྲ་བའི་འཚོ་བ་སྐྱེལ་གྱི་ཡོད།
མི་སྤྱི་པུའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ཞབས་ཞུ་སིའི་སྲིད་ཇུས་ལམ་ལུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཀའོ་ཏུང་གཡོད་ཀྱིས། 2024ལོའི་ཟླ་12ཚེས་1ཉིན་ནས་བཟུང་ཕྱི་རྒྱལ་བའི་ཐོབ་ཐང་བདེན་དཔང་ར་སྤྲོད་དང་། སྨན་པ་བསྟེན་པ་དང་སྨན་ཉོ་བ། སྤྱི་སྤྱོད་རླངས་འཁོར་དང་ས་འོག་མེ་འཁོར་ནས་ཕྱིར་སྐྱོད་པ། གཱ་སྤྱད་དེ་འཛད་སྤྱོད་བྱེད་པ་སོགས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པའི“འདུས་གྲུབ་གཱ”དེ་རྒྱལ་ནང་གི་ས་ཁུལ་ཁག་གཅིག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་ཡོད། “འདུས་གྲུབ་གཱ”དེ་ཀྲུང་གོའི་སྤྱི་དམངས་ཀྱི་རབས་གསུམ་པའི་སྤྱི་ཚོགས་འགན་བཅོལ་གཱ་དང་འདྲ་བར་བྱེད་ནུས་སྔར་བས་ཆ་ཚང་བ་ཡོད། སྨན་པ་བསྟེན་པ་དང་། སྨན་ཉོ་བ། འཛད་སྤྱོད་གཏོང་སྤྲོད་སོགས་ཀྱི་རྨང་གཞིའི་བྱེད་ནུས་ལྡན་པ་ཕུད་དེའི་ནང་ད་དུང་ཕྱི་རྒྱལ་བས་ཀྲུང་གོར་ལས་ཀ་བྱེད་ཆོག་པའི་ཆ་འཕྲིན་ཡང་བསྣན་ཡོད། དེ་བས་སྙིང་ཉེ་བ་ནི་གཱ་དེར་ལྷན་སྦྱར་གྱི་གློག་རྡུལ་པར་གཞི་དང་ཆེད་གཏོགས་ཀྱི་རྩ་གཉིས་ཨང་རྟགས་བཟོས་ཡོད་པས་ཧ་ཅང་སྤྱོད་བདེ་པོ་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་སྐབས་འཕྲལ་བསྡད་པ་དང་གཞིས་སྡོད་བྱེད་མཁན་གྱི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་ནས། ཀྲུང་གོར་ཡོང་མཁན་གྱི་རྒྱལ་ཁོངས་གཞན་གྱི་མི་སྣར་ཐག་ཉེ་ས་ནས་ཐོངས་མཆན་དུས་འགྱངས་དང་གསབ་སྤྲོད་ཀྱི་སྟབས་བདེ་བསྐྲུན་པ་མ་ཟད། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཁོངས་གཞན་གྱི་མི་སྣས་ཀྲུང་གོར་ཞག་སྡོད་དང་། ཕྱིར་སྐྱོད། གཏོང་སྤྲོད་སོགས་བྱེད་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།