དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གོ་ལ་ཧྲིལ་པོར་རབས་གསར་པའི་ཀྲུང་གོའི་ཁེ་ལས་འཕེལ་རྒྱས་འགྲོ་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-02

    འདི་ནི་ཉེ་ཆར་ནུས་རྒྱུ་གསར་པའི་རླངས་འཁོར་འབོར་ཆེན་ཧྲང་ཧའེ་གྲུ་ཁའི་རླངས་འཁོར་ཕྱིར་གཏོང་གྲུ་ཁར་གྲུ་གཟིངས་ནས་དབོར་རྩིས་བྱེད་བཞིན་པ། (ལུང་ཝེ་ཡིས་པར་བརྒྱབ)

    ད་ཆ། ཨ་རིའི་མན་ཧ་ཐོན་གྱི་འཛད་སྤྱོད་པས་ཀྲུང་གོའི་ཐོན་རྫས་སིལ་འཚོང་སྤུས་རྟགས་ཀྱི་ཚོང་ཁང་དུ་གང་འདོད་བསྐྱོད་ན་འགྲིག་ལ། དེ་རྗེས་ཀྲུང་གོའི་བཏུང་བྱ་ཚོང་ཁང་དུ་ཀོག་ཧྥེའམ་འོ་ཇ་ཕོར་པ་རེ་འཐུང་ནའང་ཆོག

    མི་རྣམས་ལ་མྱོང་ཚོར་ཐུབ་པ་ཞིག་ནི། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གང་ཡིན་རུང་། ཕྱི་རྒྱལ་དུ་ལོ་རེ་བཞིན་ཀྲུང་གོའི་ཁེ་ལས་མཐོང་ཚོར་བྱེད་ཚད་ཆེ་རུ་འགྲོ་བའི་ཁར་ལས་རིགས་གང་སར་ཁྱབ་བཞིན་ཡོད། མྱུར་ཚད་དང་ཁྱབ་ཚད་གང་ནས་བལྟས་ཀྱང་། ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོར་ལས་སྒོ་རྒྱ་སྐྱེད་གཏོང་བའི་རྣམ་པར་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད།

    རྒྱལ་ཁབ་ཕྱི་ནང་གི་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་འོག་ཀྲུང་གོའི་ཁེ་ལས་ཀྱིས་སྔ་རྗེས་སུ་ཕྱི་རྒྱལ་དུ་བཟོ་གྲྭ་བཙུགས་ཤིང་། དེའི་ཁྲོད་ཀྱི་ཕལ་ཆེ་བ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཏུ་གནས་ཡོད། སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་གཏོང་ཆེད། ཀྲུང་གོའི་ཁེ་ལས་སྔར་བས་མང་བས་ཕྱི་རྒྱལ་དུ་ཚོང་ཁང་གཉེར་བ་མ་ཟད། རིམ་གྱིས་ཡུལ་དེ་གའི་སྡེབ་སྐྱེལ་ལས་སྒོ་དང་མཁོ་སྤྲོད་འཁོར་འབྲེལ་ཡང་བྱང་ཆུབ་པ་ཐུབ་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་སྤུས་རྟགས་ཀྱི་སྟོབས་ཤུགས་གསལ་པོར་ཚོར་བ་དང་། སླད་ཕྱིན་གོ་ལ་ཧྲིལ་པོའི་འཛད་སྤྱོད་པ་རྣམས་ཀྲུང་གོའི་སྤུས་རྟགས་མང་པོ་དང་ལས་འཕྲོའི་མདུད་པ་ཐེབས་སྲིད།

    —— དབྱིན་ཇིའི《དཔལ་འབྱོར་རིག་པའི་སྐྱེ་བོ》ཞེས་པའི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།