དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་སྲོལ་རྒྱུན་གྱི་ཀྲུང་ལུགས་གསོ་རིག་ལ་དོ་ཁུར་བྱེད་མཁན་ཉིན་རེ་བཞིན་མང་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-02

    འདི་ནི་ཡུན་ནན་ཞིང་ཆེན་ཧུང་ཧོ་ཧ་ཉི་རིགས་དབྱི་རིགས་རང་སྐྱོང་ཀྲོའུ་ཁའེ་ཡོན་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་དུ་སྨན་པས་ནད་པ་ཞིག་ལ“གསུམ་དགུ་སྦྱར་སྨན”སྦྱོར་བཞིན་པ། (ཐའོ་ཅ་ཆི་ཡིས་པར་བརྒྱབ)

    ཀྲུང་གོར་རྒྱུགས་ལེན་དང་ལས་ཞུགས་སོགས་ལས་བྱུང་བའི་གཞོན་ནུའི་འགྲན་རྩོད་གནོན་ཤུགས་ཞི་ལྷོད་དུ་གཏོང་བའི་བྱ་ཐབས་ཤིག་ཡིན་པའི་ངོས་ནས། ད་ཆ་སྲོལ་རྒྱུན་ཀྲུང་ལུགས་གསོ་རིག་ལ་དོ་ཁུར་བྱེད་མཁན་ཉིན་རེ་བཞིན་མང་དུ་སོང་ཞིང་། སྨན་ཟས་མེན་པའོ་དང་སྨན་ཇ་ནས་སྨན་སྤྱོད་མཛེས་རྫས་དང་ཁྲུས་ཚྭ་སོགས་བར་འབྲེལ་ཡོད་གྲུབ་ཆ་འདུས་པའི་ཐོན་རྫས་བྲིན་ཁ་ཧ་ཅང་རྒྱུགས་པོ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཀྲུང་ལུགས་གསོ་རིག་གི་འཕུར་མཉེད་དང་སྨན་ཟས་ཐོན་རྫས་མཉམ་འདུས་མཁོ་འདོན་བྱས་པའི“ཀྲུང་ལུགས་གསོ་རིག་གི་མཚན་ཁྲོམ”ལ་ཀྲུང་གོའི་གཞོན་ནུའི་ཁྲོད་དུ་དགའ་བསུ་ཆེན་པོ་ཐོབ་ཡོད། མཚན་ཁྲོམ་དེ་རིགས་ཀྱིས་མི་མང་པོ་ཞིག་གི་ཀྲུང་གོའི་སྲོལ་རྒྱུན་གསོ་རིག་ལ་དགའ་སྣང་བྱེད་ཚད་ཆེ་རུ་ཕྱིན་ཡོད་པ་རེད།

    དེ་དང་ཆབས་ཅིག ཀྲུང་གོས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཀྲུང་ལུགས་གསོ་རིག་ཁྱབ་གདལ་གཏོང་བར་གཞོལ་བཞིན་ཡོད། སྲོལ་རྒྱུན་སྨན་རྫས་མཉམ་ལས་མུ་མཐུད་བྱེད་པའི་ཐད་ཀྲུང་གོས་མཉམ་སྐྲུན་རྒྱལ་ཁབ་ཁག་14དང་སྲོལ་རྒྱུན་སྨན་རྫས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པ་དང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཕྱི་རྒྱལ་ལྟེ་གནས་30བསྐྲུན་པ་རེད།

    ད་ཆ་ཀྲུང་ལུགས་གསོ་རིག་ཁྲོད་མི་ཐབས་རིག་ནུས་AIབཀོལ་སྤྱོད་ཉིན་རེ་བཞིན་ཁྱབ་གདལ་དུ་འགྲོ་བཞིན་ཡོད། དཔེར་ན། ནད་ཐོ་སློབ་སྦྱོང་བྱས་པ་བརྒྱུད་AIཡིས་ནད་པའི་ཤ་མདོག་དང་ལྕེ་མདོག་གི་འདྲ་པར་ལ་བརྟེན་ནས་རྩའི་འཕར་ཚད་འཇལ་ཏེ་ནད་གཞི་ཤེས་རྟོགས་ཐུབ་པ་མ་ཟད། གཟུགས་པོར་མཁོ་བའི་འབྲེལ་ཡོད་སྨན་བཅོས་དང་ཀྲུང་ལུགས་སྨན་རྫས་སོགས་ངོ་སྤྲོད་བྱེད་ཐུབ་ཀྱི་ཡོད།

    —— རི་པིན་གྱི《ཀློག་འཚོང་གསར་འགྱུར》གྱི་རྩོམ་ཡིག་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།