ན་ནིང་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ནས་མི་ཐེངས་དུང་ཕྱུར་4.64ལ་མཉམ་སྤྱོད་བྱས་པ།
མཉམ་སྤྱོད་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་687.7ཟིན་པ།
གསར་འགོད་པར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་བར། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ནས་མི་ཐེངས་དུང་ཕྱུར་4.64ལ་མཉམ་སྤྱོད་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་687.7ཟིན་གྱི་ཡོད་པ་རེད།
མིག་སྔར་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་མཉམ་སྤྱོད་དེ་སྦྲེལ་མཐུད་བྱེད་སའི་མི་སྒེར་གྱི་རྩིས་ཐོ་དང་སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་ནས་དུས་ཐོག་ཏུ་འཐེན་སྤྱོད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བེད་སྤྱོད་བྱེད་ཆོག་གི་ཡོད།
2025ལོའི་ཟླ་དང་པོ་ནས་ཟླ་བཅུ་གཉིས་བར། སྦྲེལ་མཐུད་བྱེད་སའི་མི་སྒེར་གྱི་རྩིས་ཐོ་ནས་དུས་ཐོག་ཏུ་འཐེན་སྤྱོད་བྱེད་པའི་བྱ་ཐབས་སྤྱད་དེ། ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ནས་ཞིང་ཆེན་ནང་ཁུལ་དུ་མི་ཐེངས་དུང་ཕྱུར་4.63ལ་མཉམ་སྤྱོད་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་680.20ཟིན་གྱི་ཡོད་པ་རེད། མཉམ་སྤྱོད་ཀྱི་ས་ཁོངས་ནས་བལྟས་ན། སྤྱི་འདོམས་ཁུལ(སྤྱིར་ན་ས་ཁུལ་དང་གྲོང་ཁྱེར་གཅིག་ནས་ཡིན་པ)གཅིག་ནས་མི་ཐེངས་དུང་ཕྱུར་4.21ལ་མཉམ་སྤྱོད་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་600.82ཟིན་པ་དང་། ཞིང་ཆེན་ནང་སྤྱི་འདོམས་ཁུལ་ནས་བརྒལ་ཏེ་མི་ཐེངས་ཁྲི་4173.51ལ་མཉམ་སྤྱོད་བྱས་པར་དངུལ་འབོར་སྒོར་དུང་ཕྱུར་79.38ཟིན་གྱི་ཡོད་པ་རེད།
དུས་མཚུངས་སུ། སྨན་བཅོས་འགན་བཅོལ་གྱི་དངུལ་ཁུག་བརྒྱུད་ལས་བཟོའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་རྩིས་ཐོ་ནས་མཉམ་སྤྱོད་བྱས་པ་ཁྱོན་ཁྲི་112.10ཟིན་པར་དངུལ་འབོར་སྒོར་དུང་ཕྱུར་7.50ཟིན་པ་དང་། མཉམ་སྤྱོད་ཀྱི་ས་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་ནས་མཉམ་སྤྱོད་བྱས་པ་ཁྱོན་ཁྲི་64.88ཟིན་པར་དངུལ་འབོར་སྒོར་དུང་ཕྱུར་4.36ཟིན་པ་དང་། ཞིང་ཆེན་ནས་བརྒལ་ཏེ་མཉམ་སྤྱོད་བྱས་པ་ཁྱོན་ཁྲི་47.22ཟིན་པར་དངུལ་འབོར་སྒོར་དུང་ཕྱུར་3.14ཟིན་གྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།