དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ང་ཡི་ལྕགས་ལམ་གྱི་མཛེས་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-02

    ཟླ་1ཚེས་30ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཤེས་དཔལ་སྲོལ་གཏོད་ཅུས་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དྲ་རྒྱའི་ཁྱབ་སྤེལ་ཅུས། རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲིལ་བསྒྲགས་སི། རིག་གནས་དང་ཡུལ་སྐོར་པུའུ་ཐོན་ཁུངས་གསར་སྤེལ་སི། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྒྱལ་ནང་འབྲེལ་གཏུག་པུའུ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་གསར་རྩོམ་འབྲེལ་གཏུག་པུའུ། རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཏང་ཙུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“ང་ཡི་ལྕགས་ལམ་གྱི་མཛེས་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཏེ་དུས་ཚིགས་དང་པོའི་བྱེད་སྒོ་རྒྱལ་ཡོངས་ཀྱི་ལྕགས་ལམ་འགྲུལ་སྐྱེལ་འབབ་ཚུགས་གཙོ་བོ་ཁག་ཏུ་དུས་མཚུས་སུ་སྤེལ་འགོ་ཚུགས་པ་རེད།

    2026ལོར། “ང་ཡི་ལྕགས་ལམ་གྱི་མཛེས་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོས་མུ་མཐུད་ལྕགས་ལམ་གྱི་ལམ་ཐིག་འབྲེལ་ཐག་དང་མཐོང་ཟུར་དུ་བྱས་ཏེ། རྒྱ་ཆེའི་འགྲུལ་པ་དང་དྲ་གྲོགས་ཚོར་པར་རིས་རིགས་དང་། བརྙན་ལམ་རིགས། རི་མོའི་རིགས། སྙན་རྩོམ་རིགས་སོགས་ཀྱི་བརྩམས་ཆོས་གསར་རྩོམ་བྱེད་པར་སྐུལ་སློང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་རྣམ་པ་གསར་པ། ཡ་རབས་ངང་ཕྱིར་སྐྱོད་བྱེད་པའི་དར་སྲོལ་གསར་པ། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་རྣམ་པ་གསར་པ་བཅས་གང་ལེགས་མངོན་པར་བྱ་རྒྱུ་རེད།

    བྱེད་སྒོ་དེ་ལོ་འཁོར་མོར་སྤེལ་རྒྱུ་དང་དུས་ཚིགས་དང་པོའི“དཔྱིད་གསར་དུས་ཚིགས”ཀྱི་བྱེད་སྒོ་ཟླ་བ་དང་པོའི་ཟླ་མཇུག་ནས་ཟླ་བ་གསུམ་པའི་ཟླ་དཀྱིལ་བར་རྒྱུན་མཐུད་སྤེལ་ནས་སྤྱི་དམངས་གདན་དྲངས་ཏེ་ལོ་གསར་རིང་གི་ལྕགས་ལམ་རྒྱུད་དུ་དྲོ་སྐྱིད་ལྡན་པའི་དཔྱིད་གསར་སྐྱེལ་འདྲེན་སྐོར་ཟིན་ཐོར་འགོད་པ་དང་། དུས་ཚིགས་གཉིས་པའི“རིག་གནས་དུས་ཚིགས”ཀྱི་བྱེད་སྒོ་ཟླ་བ་བཞི་པའི་ཟླ་མཇུག་ནས་ཟླ་བ་དྲུག་པའི་ཟླ་སྟོད་བར་སྤེལ་ནས་འགྲུལ་པ་དང་དྲ་གྲོགས་ཀྱིས་ལྕགས་ལམ་རྒྱུད་ཀྱི་རིག་གནས་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ཟིན་ཐོར་འགོད་པར་དགའ་བསུ་ཞུ་རྒྱུ། དུས་ཚིགས་གསུམ་པའི“ཁྱིམ་ཞེན་རྒྱལ་ཞེན་དུས་ཚིགས”ཀྱི་བྱེད་སྒོ་རྒྱལ་སྟོན་དུས་ཆེན་གོང་ནས་ཟླ་11པའི་ཟླ་དཀྱིལ་བར་སྤེལ་ནས་སྤྱི་དམངས་གདན་དྲངས་ཏེ་མཉམ་དུ་ཉེ་འགྲམ་གྱི་འགྱུར་ལྡོག་སྐོར་གླེང་བ་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་དུང་མཚོན་པར་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།