དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་བདེ་འཇགས་ལ་དྲན་སྐུལ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-02

    ཉེ་ཆར། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་ལོ་གོང་མའི་དཔྱིད་གསར་སྐྱེལ་འདྲེན་རིང་གི་འགྲོ་ལམ་འགྲིམ་འགྲུལ་ལས་འཛོལ་གྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ། 2026ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་འགྲིམ་འགྲུལ་བདེ་འཇགས་དུས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་པ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ལ་དྲན་སྐུལ་ཡང་བྱས་པ་རེད།

    ཞིབ་འཇུག་བརྡར་གཅོད་བྱས་པར་གཞིགས་ན། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ལ་གཙོ་བོ་གཤམ་གསལ་གྱི་མངོན་གསལ་དོད་པའི་ཉེན་ཁ་འཕྲད་རྒྱུ་ཡིན་པ་སྟེ། སྒེར་འཁོར་གྱི་འགྲུལ་བཞུད་གཅིག་སྡུད་ཆེ་བ་དང་། འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་ཁྲིམས་དང་འགལ་བའི་ལས་འཛོལ་ཐོན་སླ་བ་དང་མང་བ། དུས་ཆེན་སྔ་རྗེས་ཀྱི་འགྲུལ་སྐྱེལ་དགོས་མཁོ་ཆེ་བ། འགྲོ་ལམ་འགྲུལ་སྐྱེལ་བདེ་འཇགས་ཀྱི་ཉེན་ཁ་ཅུང་ཆེ་བ། གྲོང་གསེབ་ཀྱི་ཕ་ཡུལ་དུ་ལོག་མཁན་དང་རླངས་འཁོར་མང་དུ་ཕྱིན་ནས་རླངས་འཁོར་རྡུང་ཁ་རྒྱག་སླ་བ་མ་ཟད། གཡང་ལ་ཟགས་པའི་ལས་འཛོལ་ཐོན་སླ་བ། གུང་གསེང་རིང་འདུ་འཛོམས་བྱེད་མང་བས་ཆང་བཏུངས་འཁོར་གཏོང་དང་ར་བཟི་འཁོར་གཏོང་གི་ཉེན་ཁ་ཆེ་རུ་འགྲོ་བ། དུས་ཆེན་གྱི་སྔ་རྗེས་སུ་ཟོག་འདྲེན་གྱི་ལས་འབོར་ཆེ་བས་དུས་མཚམས་རང་བཞིན་གྱི་བདེ་འཇགས་ཉེན་ཁ་མངོན་གསལ་དོད་པ། དྲོད་ཚད་འཕར་ཆག་ཅུང་ཆེ་བས་འགྲིམ་འགྲུལ་དང་འགྲོ་སྐྱོད་ལ་ཤུགས་རྐྱེན་ངན་པ་ཐེབས་པ་བཅས་རེད།

    སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་དྲན་སྐུལ་བྱས་དོན། སྒེར་འཁོར་བཏང་ནས་སྐྱོད་སྐབས་སྔོན་ལ་འགྲིམ་འགྲུལ་འགྲོ་ལམ་གྱི་གནས་ཚུལ་དང་གནམ་གཤིས་སྔོན་བརྡ་རྒྱུས་ལོན་བྱེད་དགོས་པ་མ་ཟད། མྱུར་ཚད་ལས་བརྒལ་ནས་རླངས་འཁོར་མི་གཏོང་བ་དང་། ངལ་དུབ་ངང་རླངས་འཁོར་མི་གཏོང་བ། ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་བཅས་བྱེད་དགོས། མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་གཏོང་སྐབས་དུས་དང་རྣམ་པ་ཀུན་ཏུ་རླངས་འཁོར་དབར་བདེ་འཇགས་ཀྱི་བར་ཐག་ངེས་ཅན་འཇོག་དགོས་ལ་རླངས་འཁོར་འགག་པ་དང་དལ་བུར་སྐྱོད་དགོས་པའི་ལམ་དུམ་དུ་གོ་རིམ་ལྡན་པའི་ངང་སྐྱོད་པ་ལས་གང་འདོད་དུ་འཁོར་ལམ་བསྒྱུར་བ་དང་འཕྲལ་སྡོམ་འཁོར་ལམ་བཟུང་སྤྱོད་བྱེད་མི་ཆོག

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།