དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • བུ་གསོའི་ཁ་གསབ་ཀྱིས་ཕྲུ་གུ་དམར་འབྱར་ཁྲི་3000ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-01

    གསར་འགོད་པར་ཟླ་1ཚེས་30ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར་རྒྱལ་ཡོངས་སུ་ཕྲུ་གུ་དམར་འབྱར་ཁྲི་3000ལྷག་ཙམ་ལ་བུ་གསོའི་ཁ་གསབ་སྤྲད་ཡོད།

    ནོར་སྲིད་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁ་གསབ་སྤྲོད་པའི་ཐབས་ལམ་ཤར་གཏོང་དང་མ་དངུལ་དོ་དམ་དང་ལྟ་སྐུལ་ལ་ཤུགས་བརྒྱབ་ནས་བུ་གསོའི་ཁ་གསབ་ལམ་ལུགས་དོན་འཁྱོལ་ལག་བསྟར་བྱེད་པར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད། 2025ལོར་རྒྱལ་ཡོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་ཁྱོན་སྒོར་དུང་ཕྱུར་1000ཙམ་བཀོད་སྒྲིག་བྱས་ནས་བུ་གསོའི་ཁ་གསབ་སྤྲོད་རྒྱུར་སྤྱད་ཅིང་། དེའི་ནང་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་904བཀོད་སྒྲིག་བྱས་ཡོད།

    2025ལོར་ཞིབ་དཔྱད་བྱས་ཀྱང་དམིགས་སར་འབྱོར་མེད་པའི་འབྲེལ་ཡོད་རེ་ཞུར་དམིགས་ཏེ་ལས་རིགས་གཙོ་གཉེར་སྡེ་ཚན་གྱིས་ས་གནས་ཁག་ལ་ལས་ཀའི་མྱུར་ཚད་སྔར་བས་མགྱོགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། 2026ལོའི་ཟླ་3པའི་ཟླ་མཇུག་གོང་བུ་གསོའི་ཁ་གསབ་གྲངས་ཚང་ངང་སྤྲོད་པར་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།