2025ལོར་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.6%འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཟླ་1ཚེས་30ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2025ལོར། རང་རྒྱལ་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་མགྱོགས་མྱུར་འཕར་བ་དང་ལས་རིགས་སྤྱི་ཡོངས་འཕེལ་རྒྱས་ཀྱི་རྣམ་པ་ཡག་པོ་ཡོད་པ་རེད། དེའི་ནང་གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.6%འཕར་བ་དང་འཕར་ཚད་དུས་མཚུངས་ཀྱི་བཟོ་ལས་དང་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལས་བརྒྱ་ཆའི་གྲངས་4.7དང་1.2ཀྱིས་མཐོ་བ་ཡོད་པ་རེད།
གྲངས་གཞི་ལས་མངོན་པར། 2025ལོར། གཞི་ཁྱོན་ཡན་གྱི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་17.4ཟིན་ནས་དུས་མཚུངས་ལས་7.4%འཕར་བ་དང་། ལས་གཉེར་མ་གནས་སྒོར་དུང་ཕྱུར་ཁྲི་15.1ཟིན་ནས་དུས་མཚུངས་ལས་6.9%འཕར་བ། ཁེ་སྤོགས་དངུལ་འབོར་སྒོར་དུང་ཕྱུར་7509ཟིན་ནས་དུས་མཚུངས་ལས་19.5%འཕར་ཡོད། ཐོན་རྫས་གཙོ་བོའི་ཁྲོད་འདུས་གྲུབ་གློག་ལམ་གྱི་ཐོན་ཚད་དུང་ཕྱུར་4843ཟིན་ནས་དུས་མཚུངས་ལས་10.9%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།