དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན། རྒྱལ་ཡོངས་ཀྱི“འཆལ་རྡུང་ལོག་སེལ”གྱི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་། “འཆལ་རྡུང་ལོག་སེལ”འཐབ་ཕྱོགས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་ཐེག་ཁུར་འགན་སྒྲུབ་ཀྱིས་ལྟ་འདོམས་ནན་པོ་དང་སྒྲིག་ལམ་བརྟན་པོ་ཡོང་བར་བྱས་ཐོག གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ས་ཁོངས། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ཏེ་ཁྲིམས་འགལ་གྱི་དཔེ་སྐྲུན་ཁྱབ་སྤེལ་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་དང་། དབང་གནོད་རྫུན་པར་གྱི་མངོན་གསལ་དོད་པའི་གནད་དོན་བཅོས་སྐྱོང་ལ་ཤུགས་སྣོན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། འདུ་ཤེས་འཛིན་སྟངས་ཐད་ཀྱི་བདེ་འཇགས་དང་རིག་གནས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཡོད།

    ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་དང་ཞི་ཅིན་ཕིང་ཁྲིམས་སྐྱོང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཉེན་ཟོན་གྱི་བསམ་པ་ཟབ་ཏུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་ལས་ལེགས་པོ་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བར་དགེ་མཚན་ལྡན་ཞིང་། སྐྱོན་བྲལ་གྱི་སྤྱི་ཚོགས་དང་རིག་གནས་ཀྱི་ཁོར་ཡུག་ཞིག་གཏོད་དགོས་པ་དང་། སྐབས་བསྟུན་གྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་ཤ་གནད་ལ་འཁེལ་པོས་གཅོད་པ། འབྱུང་རྩ་ནས་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ལས་ཀའི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་དམིགས་ནས་དྲ་རྒྱའི་རིག་གནས་ཀྱི་ཁོར་ཡུག་མུ་མཐུད་གཙང་བཟོ་ཤུགས་ཆེན་བྱས་ཏེ། སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་མཐོངས་ཤིག་གཏོད་དགོས། ལྟ་འདོམས་བྱེད་ཤུགས་ཆེ་རུ་དང་ཞབས་ཞུའི་ལས་ཀའི་སྤུས་ཚད་ལེགས་སུ་དང་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་དང་། རྩ་བཅོས་ཀྱི་བྱ་ཐབས་ལ་ཞིབ་འཇུག་གིས་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་སྟེ། ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་དགོས། “འཆལ་རྡུང་ལོག་སེལ”གྱི་ལས་དོན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ཆབ་སྲིད་ཀྱི་འཇོན་ཐང་དང་། ཁྲིམས་སྐྱོང་གི་བྱང་ཚད། ཆེད་ལས་ཅན་གྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལས་ཀའི་འགན་སྲུང་ལ་ཤུགས་སྣོན་དང་ལམ་སྲོལ་གྱི་ཕན་ནུས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།