ལྟད་མོ་བས་ཧྲང་ཧའེ་ཚན་རྩལ་ཁང་གི་འགྲེམས་ཁུལ་གྱི་འཕྲུལ་མིར་ལྟ་བཞིན་པ།

ཟླ་1ཚེས་29ཉིན། ལོ་གཉིས་ལྷག་ཙམ་རིང་གོ་རིམ་ལྡན་པའི་ངང་རིམ་སྤོར་སྒྱུར་བཀོད་བྱས་པའི་ཧྲང་ཧའེ་ཚན་རྩལ་ཁང་སྤྱི་དམངས་ལ་ཉམས་ཚོད་རྣམ་པའི་སྒོ་མོ་ཐོག་མར་ཕྱེ་བ་རེད། ཚན་རྩལ་ཁང་དེ་དཔྱིད་གསར་དུས་ཆེན་རིང་སྤྱི་དམངས་ལ་ཚོད་ལྟའི་ངང་སྒོ་དབྱེ་རྒྱུ་ཡིན་ཞིང་། སྒྱུར་བཀོད་བྱས་རྗེས། དེའི་ནང་ཆར་ནགས་སྦས་ཡུལ་དང་། འབྱུང་འགྱུར་ལ་སྒུལ་ཤུགས་སྣོན་པ། རྒྱུ་ཆའི་སྒྱུ་འཕྲུལ་གྲུ་བཞི་མ་སོགས་རྒྱུན་འཛུགས་འགྲེམས་སྟོན་ཁུལ་ཆེན་པོ་བཅུ་ཡོད་པ་མ་ཟད། གནས་སྐབས་འགྲེམས་ཁང་དང་། ཚན་རྩལ་གསར་གཏོད་སྒར་ས། གློག་བརྙན་ཁང་ཆེན་པོ་གསུམ་དང་། རིག་གནས་བསམ་བཀོད་ཚོང་ཁང་། ཁྱད་ལྡན་ཟ་ཁང་སོགས་ཡོད་པས་སྤྱི་དམངས་ཀྱི་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུ་རེད། འདི་ནི་ལྟད་མོ་བས་ཧྲང་ཧའེ་ཚན་རྩལ་ཁང་གི་འགྲེམས་ཁུལ་གྱི་འཕྲུལ་མིར་ལྟ་བཞིན་པ།
འབྲེལ་ཡོད་གསར་འགྱུར།