དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕ་བུའི་དབར་གྱི་རོལ་རྩེད་ཀྱིས་གུང་གསེང་སྤྲོ་སྣང་ལྡན་པར་བྱས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-02-01

    ཉེ་ཆར། ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་ཀུང་རེན་ནན་ལི་སྡེ་ཁུལ་གཉིས་པར། ཡུལ་གཞན་ནས་ཡོང་བའི་ལས་མི་དང་ཁོང་ཚོའི་བུ་ཕྲུག་གིས་སྲོལ་རྒྱུན་གྱི་རོལ་རྩེད་ཉམས་ལེན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་སྤེལ་བའི་ཉིན་དེར་ཕྲུ་གུ་ཚོས་ཕ་མ་དང་སློབ་གྲྭ་ཆེ་མོ་བའི་དང་བླངས་པ་དང་མཉམ་དུ་རོལ་རྩེད་རྩེ་ཞིང་། བྱེད་སྒོ་དེ་ནི་ཧོ་པེ་ཞིང་ཆེན་ཆིན་ཧོང་ཏའོ་གྲོང་ཁྱེར་ཧའེ་ཀང་ཆུས་ཧོ་ཏུང་ཁྲོམ་གཞུང་གི་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་དང་ཧོ་ཏུང་ཁྲོམ་གཞུང་ཀུང་རེན་ནན་ལི་སྡེ་ཁུལ་གཉིས་པས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ཡུལ་གཞན་ནས་ཡོང་བའི་ལས་མིའི་ཁྱིམ་ཚང་ལ་སྤེལ་རེས་ལས་སྟེགས་བཙུགས་ནས་བྱིས་པ་རྣམས་དགའ་སྤྲོའི་ངང་འཚར་ལོངས་ཡོང་བར་རོགས་རམ་བྱ་རྒྱུ་དེ་རེད། འདི་ནི་ཡུལ་གཞན་ནས་ཡོང་བའི་ལས་བཟོ་དང་ཁོང་ཚོའི་བུ་ཕྲུག་གིས་སྲོལ་རྒྱུན་གྱི་རོལ་རྩེད་ཉམས་ལེན་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།