དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རིགས་རྒྱུད་གསར་པ་སྐྱེད་སྲིང་གིས་མཐོ་གྲང་འབྲོག་ཁུལ་གྱི་ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མར་སྒུལ་ཤུགས་གསར་པ་བསྣན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-02-01

    དགུན་ཨ་ཧྲང་ད་ཧྲང་གི་དུས་སུ། མདོ་ལ་རིང་མོའི་བྱང་འདབས་སུ་གནས་པའི་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་གྲོང་ཁྱེར་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་འབྲོག་པ་ཚོས་ལོ་གསར་ལ་གྲ་སྒྲིག་བྱེད་པའི་དུས་བཟང་བསུས་ཡོད། ཉིན་ཤས་བསྟུད་མར། ས་གནས་དེ་གས་གསོས་པའི་མཐོ་གྲང་ལ་འཚམ་པའི་བཤའ་ལུག་མ་མོར་ལུ་གུ་སྐྱེ་བའི་དུས་སུ་སླེབས་ཤིང་། འབྲོག་པ་ཚོས་ལུ་གུ་སྐྱེ་བསུ་དང་། འོ་མ་སྟེར་བ། གཟན་རྩྭ་གྲ་སྒྲིག་བཅས་ཀྱི་ལས་ལ་བྲེལ་ནས་ལྷས་རའི་ནང་ཉིན་མཚན་མེད་པར་ལས་ཀ་བྱེད་མཁན་མཚམས་ཆད་ཀྱི་མེད།

    “ལོ་གསར་པ་ཤར་ཚུན། ང་ཚོའི་ཁྱིམ་དུ་ལུ་གུ་200ཙམ་སྐྱེས་པ་ཚང་མ་མཐོ་གྲང་ལ་འཚམ་པའི་ལུ་གུ་ཤ་སྟག་རེད། ད་ཆ་ཉིན་ལྟར་ལུ་གུ་10ལྷག་ཙམ་སྐྱེ་གི་ཡོད་པས་ད་ལོའི་ཡོང་འབབ་སླར་ཡང་འཕར་རྒྱུ་རེད”ཅེས་དཔའ་རིས་རྫོང་སུང་ཧྲན་གྲོང་རྡལ་སྟག་ལུང་གྲོང་ཚོའི་འབྲོག་པ་དབྱང་ཝུན་གྱིས་དགའ་ཚོར་ཆེན་པོས་བཤད།

    རིགས་རྒྱུད་གསར་པ་གསོ་ཚགས་བྱེད་ཆེད། 2009ལོ་ནས་བཟུང་། དཔའ་རིས་རྫོང་ལུག་ཐུག་གསོ་སྤེལ་ཞིབ་འཇུག་ཁང་གིས་ལན་ཀྲོའུ་སློབ་ཆེན་རྩྭ་སའི་ཞིང་ལས་ཚན་རྩལ་སློབ་གླིང་གི་ཚན་རིག་ཞིབ་འཇུག་ཚོགས་པ་དང་མཉམ་ལས་བྱས་ཏེ། ལུག་ཐུག་གསོ་ཚགས་ཚོགས་པ་བཙུགས་པ་རེད། “ལུག་ཐུག་གསོ་ཚགས་ཚོགས་པས་ལྷོ་ཨ་ཧྥེ་རི་ཁའི་བལ་འཇམ་ལུག་ལུག་ཐུག་ཏུ་བྱེད་པ་དང་ཀན་སུའུ་ཡི་རི་མཐོའི་བལ་འཇམ་ལུག་མ་མོར་བྱས་ཏེ་རྒྱུད་གཉིས་སྡེབ་སྦྱོར་གྱིས་འདེམས་གསོ་དང་ཁྱུ་ཚོགས་མང་གཏོང་གི་དུས་མཚམས་བརྒྱུད། ལུག་གི་རྒྱུད་པ་4བསྟུད་མར་འདེམས་གསོ་བྱེད་པར་དུས་ཡུན་ལོ་15འགོར་བ་དང་མཐར་རང་རྒྱལ་གྱི་མཐོ་གྲང་འབྲོག་ཁུལ་དང་འཚམ་པའི་བལ་འཇམ་ལུག་གི་བཤའ་ལུག་རིགས་ཐོག་མ་དེ་གསོ་སྤེལ་ཐུབ་ཡོད”ཅེས་དཔའ་རིས་རྫོང་ཕྱུགས་རིགས་གསོ་སྤེལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ལི་ཁའེ་ཧུའེ་ཡིས་ངོ་སྤྲོད་བྱས།

    2023ལོར། རིགས་རྒྱུད་དེར་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་འཛིན་ཐོན་ཁུངས་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་གཏན་འབེབས་དང་གསལ་འབྱེད་བྱས་པ་བརྒྱུད། 2024ལོའི་ཟླ་3པར། ཞིང་ལས་དང་གྲོང་གསེབ་པུས་རིགས་གསར་པའི་ཁས་ལེན་བདེན་དཔང་ལག་ཁྱེར་སྤྲད་དེ་མཐོ་གྲང་ལ་འཚམ་པའི་བཤའ་ལུག་གི་རིགས་རྒྱུད་གསར་པར་དངོས་སུ་གྱུར་ནས་ཁྱབ་གདལ་བཏང་བ་རེད།

    “མཐོ་གྲང་ལ་འཚམ་པའི་བཤའ་ལུག་ནི་ཀན་སུའུ་ཡི་རི་མཐོའི་བལ་འཇམ་ལུག་གི་རིམ་སྤོར་པར་གཞི་ཞིག་རེད” དཔའ་རིས་རྫོང་ཕྱུགས་རིགས་གསོ་སྤེལ་ཞིབ་འཇུག་ཁང་གིས་ལྟེ་བའི་རིགས་རྒྱུད་གསོ་ཚགས་ར་བ་བཙུཌ་པ་བརྒྱུད། “ཟླ་བ་6ལ་སླེབས་པའི་རྒྱུད་བཟང་ལུག་ཐུག་རིན་མེད་ངང་འབྲོག་པར་སྤྲད་པ་དང་འབྲོག་པས་མ་མོ་100གསོས་ཚེ་ལུག་ཐུག་1རིན་པ་མེད་པར་རྒྱུད་པ་ལེགས་སུ་གཏོང་ཆེད་སྤྲོད་ཀྱི་ཡོད། མི་སྤྱི་པུའི་དམིགས་བསལ་གསོ་སྤེལ་རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པ་དང་ཀན་སུའུ་ཞིང་ཆེན་མི་སྤྱི་སྡེ་ཚན་གྱིས་ལོ་4བསྟུད་མར་རིགས་གཅིག་མཁས་ཅན་ཚོགས་པ་ས་གནས་དེ་གར་མངགས་ནས་ཚན་རྩལ་གསོ་སྦྱོང་ཐད‘བར་ཐག་མེད་པའི’ རོགས་སྐྱོར་བྱས་ཏེ། འབྲོག་པར་འབྲོག་ལས་འཕེལ་རྒྱས་གཏོང་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད”ཅེས་ལི་ཁའེ་ཧུའེ་ཡིས་བཤད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ལོ་གཉིས་རིང་། དཔའ་རིས་རྫོང་གིས་ལོ་ལྟར་ཞིང་འབྲོག་མང་ཚོགས་ལ་རྒྱུད་བཟང་ལུག་ཐུག་1000ཡན་སྤྲད་པ་དང་། དཔའ་རིས་ཀྱི་མཐོ་གྲང་ལ་འཚམ་པའི་བཤའ་ལུག་གི་རིགས་རྒྱུད་གསར་པ་ཁྲི་66.8ཁྱབ་གདལ་བཏང་བ། རིགས་རྒྱུད་གསར་པའི་རྒྱུད་པ་ལེགས་སུ་གཏོང་རིང་རིམ་རྩིས་བརྒྱབ་ན་དཔལ་འབྱོར་གྱི་ཕན་འབྲས་སྒོར་དུང་ཕྱུར་3.6ཡན་ཟིན་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།