དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • 2025ལོར་བོད་ཀྱི་དངོས་ཟོག་ཉོ་ཚོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་23.51ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-02-01

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་ལྷ་ས་འགག་སྒོ་ནས་ཤེས་རྟོགས་བྱུང་བར། 2025ལོར་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཉོ་ཚོང་ནང་འདྲེན་གྱི་རིན་ཐང་དངུལ་འབོར་སྒོར་དུང་ཕྱུར་23.51ཟིན་པ་དེ་དུས་མཚུངས་ལས་74.4%འཕར་ནས། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉོ་ཚོང་བྱེད་སྟངས་སྣ་མང་ཅན་གྱིས་བོད་ཀྱི་དངོས་ཟོག་ཉོ་ཚོང་ནང་འདྲེན་བྱེད་ཚད་འཕར་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། 2025ལོར་སྤྱིར་བཏང་གི་ཉོ་ཚོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་17.52ཟིན་པ་དེ་དུས་མཚུངས་ལས་44.2%འཕར་ནས་ནང་འདྲེན་རིན་ཐང་དངུལ་འབོར་གྱི་74.5%བཟུང་བ་དང་ནང་འདྲེན་གྱི་གཞི་རྩའི་ཉོ་ཚོང་མུ་མཐུད་བརྟན་དུ་ཕྱིན་ཡོད། རྒྱུ་ཆ་ལས་སྣོན་ཉོ་ཚོང་དང་དམིགས་བསལ་ལྟ་འདོམས་ས་ཁོངས་ཀྱི་ནང་འདྲེན་སྒྲིག་ཆས་དེ་ཉིད་གསར་སྣོན་ལས་སྒོར་གྱུར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་4.16དང་སྒོར་དུང་ཕྱུར་0.73སོ་སོར་ཟིན་ཏེ་ནང་འདྲེན་འཕར་བར་སྐུལ་ཁྲིད་བྱེད་པའི“སྟོབས་ཤུགས་གསར་པར”གྱུར་ཡོད་པ་རེད།

    ནང་འདྲེན་ཚོང་ཟོག་གི་རིགས་ནས་བལྟས་ན། འཕྲུལ་གློག་ཐོན་རྫས་དང་། ལག་རྩལ་མཐོ་གསར་ཐོན་རྫས། ནུས་རྒྱུའི་ཐོན་རྫས་བཅས་ནང་འདྲེན་ཚོང་ཟོག་གི་ཨང་དང་པོ་ནས་གསུམ་པའི་བར་བརྟན་པོར་གནས་པ་དང་། ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་9.37དང་། སྒོར་དུང་ཕྱུར་7.64 སྒོར་དུང་ཕྱུར་5.1བཅས་སོ་སོར་ཟིན་པའི་ཁྲོད་ལག་རྩལ་མཐོ་གསར་ཐོན་རྫས་ནང་འདྲེན་བྱེད་ཚད་568.5%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།