དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པ།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རིང་འབྱོར་བའི་གྲོས་འགོ་ཚང་མར་ལན་བཏབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-02-01

    “ན་ནིང་ངས་བཏོན་པའི་བོད་རང་སྐྱོང་ལྗོངས་ཀྱི་སྙན་སྒྲོན་པ་དང་གཙོ་སྐྱོང་པའི་ཆེད་ལས་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གྲོས་འགོར་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་འོག་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པས། ང་རང་བློ་ཡིད་ཧ་ཅང་ཚིམ་པོ་བྱུང”ཞེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་པ་ཕུར་སྒྲོན་གྱིས་དགའ་ཚོར་ཆེན་པོས་གསུངས། ཤེས་རྟོགས་བྱུང་བར་གཞིགས་ན། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འཚོགས་རིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཁྱོན་གྲོས་འགོ་ཁག་367བཏོན་ཡོད། མིག་སྔའི་བར་གྲོས་འགོ་ཚང་མར་གཏན་འབེབས་ཀྱི་དུས་བཀག་ནང་སྒྲུབ་གཉེར་དང་ལན་བཏབ་ཟིན་པ་དང་། ལྷག་དོན་དུ་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ལ་བསྒྲུབ་རྒྱུར་ཕུལ་བའི་གྲོས་འགོ་ཁག་341ཚང་མར་འབྲེལ་གཏུག་བྱེད་ཚད་དང་། བསྒྲུབས་ལན་སློག་ཚད། བློ་ཡིད་ཚིམ་ཚད་བཅས་100%ཟིན་ནས། དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར་བྱས་ཡོད།

    མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བཏོན་པའི་གྲོས་འགོ་དང་། སྐྱོན་བརྗོད། བསམ་འཆར་བཅས་ནི་ཁྲིམས་ལྟར་འགན་སྒྲུབ་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མི་དམངས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་དགོས” རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ནག་ཆུ་གྲོང་ཁྱེར་སོག་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་མཱ་ཁོ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་བཏོན་གནང་བས། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་གཞུང་བཙུགས་སྨན་ཁང་ཚང་མར་ཆེད་དོན་གྲོན་དངུལ་སྒོར་ཁྲི་400བཀོད་སྒྲིག་བྱས་པ་དེ་དག་རྫོང་རིམ་པའི་སྨན་ཁང་དང་རྫོང་ཁོངས་ཀྱི་གཞི་རིམ་སྨན་བཅོས་སྒྲིག་གཞིའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུར་སྤྱད་ཡོད། “སླད་ཕྱིན་ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཞུ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་དེ་བས་བློ་ཡིད་ཚིམ་པར་བྱེད་ཀྱི་ཡིན”ཞེས་མཱ་ཁོ་ཡིས་གསུངས།

    འཐུས་མིས་སྤུས་ཚད་མཐོ་བའི་གྲོས་འགོ་བཏོན་པ་དང་ལས་ཆོད་ཆེན་པོས་སྒྲུབ་གཉེར་བྱས་པ་དེས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གསོན་ཉམས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བ་དང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་དང་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝེ་མིང་གིས“འཐུས་མིའི་གྲོས་འགོ་སྒྲུབ་གཉེར་དེ‘ལན་སློག་རྒྱུར་སྣང་ཆེན་བྱེད་པ’ནས‘དོན་འཁྱོལ་ལ་སྣང་ཆེན’བྱེད་པར་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་ནི་འཐུས་མིའི་འབོད་སྒྲར་ལན་འདེབས་པ་དང་མི་དམངས་ཀྱི་རེ་སྒུག་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཡིན། ང་ཚོས་ལས་ཀའི་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་སྒྲུབ་གཉེར་གྱི་གྲུབ་འབྲས་དེ་བཅོས་སྐྱོང་གི་ནུས་ཕྱོད་ལ་སྔར་བས་ལེགས་པར་འགྱུར་བར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན”ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།