དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་དང་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པན་རྣམ་གཉིས་ཀྱིས་ཨར་ཅི་རི་ཡའི་རྒྱང་ཚོར་སྲུང་སྐར་ཨང་གསུམ་པ་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-02-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨར་ཅི་རི་ཡའི་ཙུང་ཐུང་ཐེ་པན་རྣམ་གཉིས་ཀྱིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ། ཨར་ཅི་རི་ཡའི་རྒྱང་ཚོར་སྲུང་སྐར་ཨང་གསུམ་པ་ཅིའུ་ཆོན་དུ་འཕེན་གཏོང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ཨར་ཅི་རི་ཡའི་རྒྱང་ཚོར་སྲུང་སྐར་ཨང་གསུམ་པའི་རྣམ་གྲངས་ནི་ཨར་ཅི་རི་ཡའི་འཕྲིན་གཏོང་སྲུང་སྐར་ཨང་དང་པོའི་རྗེས་ཀྱི་ཀྲུང་ཨར་ཕྱོགས་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་ལེགས་གྲུབ་ལྡན་པའི་མཉམ་ལས་གཞན་ཞིག་རེད་ལ། ཀྲུང་ཨར་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་ཀྲུང་ཨར་གྱི་འབྲེལ་བར་འཕེལ་རྒྱས་མྱུར་པོ་བྱུང་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་སྲ་བརྟན་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཕྲན་གྱིས་ཀྲུང་ཨར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཐེ་པན་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཨར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་སྐྲུན་འདོད་ཡོད།

    ཐེ་པན་གྱིས་གསུངས་དོན། ཨར་ཅི་རི་ཡའི་རྒྱང་ཚོར་སྲུང་སྐར་ཨང་གསུམ་པ་འཕེན་གཏོང་ལེགས་གྲུབ་བྱུང་བ་ནི་ཨར་ཀྲུང་རྒྱལ་ཁབ་གཉིས་པོའི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་ཐོབ་པའི་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་གཞན་ཞིག་དང་། ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་མཛད་རྗེས་རྡོ་རིང་གཞན་ཞིག་ཡིན་པས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེར་གཏོང་བར་ཕན་ཐོགས་ཡོད། ཨར་ཅི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།