ཁྲུང་ཆིང་གིས་ལས་ཞུགས་ཚོགས་སྤྱི་གསར་པའི་མཛའ་མཐུན་ཞབས་ཞུའི་རྣམ་གྲངས་100ཁྱབ་བསྒྲགས་བྱས་པ།
ཉེ་ཆར།“སྟོབས་ཤུགས་གསར་པ·འབྱུང་འགྱུར་གསར་པ”ཞེས་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་ལས་ཞུགས་ཚོགས་སྤྱི་གསར་པའི་མཛའ་མཐུན་རྣམ་པ་མཉམ་སྐྲུན་ཟབ་གཏོང་གི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཞུགས་ཚོགས་སྤྱི་གསར་པའི་མཛའ་མཐུན་ཞབས་ཞུའི་རྣམ་གྲངས་100ཁྱབ་བསྒྲགས་བྱས་པ་དང་འབྲེལ། ལས་ཞུགས་ཚོགས་སྤྱི་གསར་པའི་མཛའ་མཐུན་རྣམ་པ་མཉམ་སྐྲུན་གྱི་བྱ་སྤྱོད་དུས་མཉམ་དུ་སྤེལ་འགོ་བཙུགས་པ་རེད།
ད་ཐེངས་ཀྱི་མཉམ་སྐྲུན་བྱ་སྤྱོད་ནང་ཁྲུང་ཆིང་གི་ལས་ཞུགས་ཚོགས་སྤྱི་གསར་པ་སྣེ་ཁྲིད་དང་། ཁྲུང་ཆིང་གི་ལས་ཞུགས་ཚོགས་སྤྱི་གསར་པ་སེམས་དྲོས། ཁྲུང་ཆིང་གི་ལས་ཞུགས་ཚོགས་སྤྱི་གསར་པ་མཉམ་འདྲེས་བཅོས་སྐྱོང་། ཁྲུང་ཆིང་གི་ལས་ཞུགས་ཚོགས་སྤྱི་གསར་པའི་བློ་རིག་སྲུང་སྐྱོང་བཅས་ཁག་བཞི་ཚུད་ཡོད། རེ་འདུན་ཞུ་བའི་ཐོགས་མེད་ཐབས་ལམ་བཏོད་དེ་ལས་ཞུགས་ཀྱི་ཚོགས་སྤྱི་གསར་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རོགས་རམ་བྱེད་པ་དང་རྩལ་ནུས་གསོ་སྦྱོང་དང་། བཅའ་ཁྲིམས་རོགས་སྐྱོར། བུ་ཕྲུག་བཅོལ་ཉར་སོགས“ཆུང་ཞིང་མཛེས་པའི”གཅེས་སྐྱོང་ཞབས་ཞུའི་བྱེད་ཐབས་ཁག་100ཁྱབ་བསྒྲགས་བྱས་པ་དང་། གཞི་རིམ་བཅོས་སྐྱོང་དང་། ལས་རིགས་བཅོས་སྐྱོང་། དྲ་རྒྱ་བཅོས་སྐྱོང་བཅས་ཀྱི་གོ་སྐབས་གསལ་ཐོ་ཁྱབ་བསྒྲགས་བྱས་ཏེ། “གསར་དར་ཁྱབ་ཁོངས་ཀྱི་བློ་རིག་ཏང་འཛུགས་སྐྱོང”གི་ལས་སྟེགས་སྟོབས་ཆེར་གཏོང་བ་དང་། “ཕོ་གསར་སླེབས་སོང”སོགས་ཀྱི་ཉེར་སྤྱོད་མ་ལག་ལེགས་སུ་བཏང་ནས་ལས་ཞུགས་ཚོགས་སྤྱི་གསར་པར་ཞབས་ཞུའི་ཐོན་ཁུངས་དེ་བས་མང་བ་ཐོབ་རྒྱུའི་རོགས་རམ་བྱས་ཡོད།
ཁྲུང་ཆིང་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཨུ་ལྷན་གྱིས་དྲ་ཐོག་ཞབས་ཞུའི་ཉེར་སྤྱོད་བྱ་རིམ་བེད་སྤྱོད་བྱེད་དགོས་རིགས་ཚང་མ་སྤྱོད་ཐུབ་པ་དང་མཛའ་མཐུན་ས་བཀྲ་ཚང་མ་སྦྱར་དགོས་རིགས་སྦྱར་ནས་གྲངས་འཛིན་ཡོངས་ཁྱབ་དང་ཕྱོགས་སྟོན་ཞབས་ཞུ་ས་ཁོངས་ཡོངས་ལ་ཁྱབ་པར་བྱས་ཡོད། ངལ་གསོ་དང་། འཐུང་ཆུ། གློག་གསོག་སོགས་ལྷན་སྦྱར་ཞབས་ཞུའི་སྤུས་ཚད་མཐོ་རུ་བཏང་སྟེ། “སྐར་མ་15ཡི་རིང་ལས་ཞུགས་ཚོགས་སྤྱི་གསར་པར་དྲོ་སྐྱིད་སྦྱིན་པའི་ཞབས་ཞུའི་ཚོགས་པ”བསྐྲུན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།